ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལྷོ་ཁ་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་བཟའ་བཏུང་དང་སྨན་གྱི་བདེ་འཇགས་འགན་ལེན་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-04-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར་གསར་འགོད་པར་ལྷོ་ཁ་གྲོང་ཁྱེར་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཨུ་ལྷན་གྱི་2022ལོའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་ནས་ཤེས་རྟོགས་བྱུང་བར། འདི་ལོ་ལྷོ་ཁ་གྲོང་ཁྱེར་གྱིས་ཉེན་ཁའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། མཐའ་ཚད་ཀྱི་བསམ་བློ་བརྟན་པོ་འཛུགས་པ། འགན་འཁྲི་དོན་འཁྱོལ་ལ་དམ་འཛིན་ནན་པོ། ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་ནན་པོ་བཅས་བྱས་ཏེ་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་མཐའ་གཅིག་ཏུ་བསྲུངས་ནས། མི་དམངས་མང་ཚོགས་ཀྱི་བཟའ་བཏུང་དང་སྨན་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ་རེད།

ཚོགས་འདུའི་ཐོག་འདེབས་འཛུགས་དང་གསོ་ཚགས་ལྷུ་ཚིགས་ཀྱི་ལྟ་འདོམས་ལ་ཤུགས་སྣོན་དང་། ཞིང་སྨན་གཉེར་སྐྱོང་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་ལས་མཁོ་རྫས་ཀྱི་སྨན་གྱི་ལྟ་འདོམས་ལ་དམ་འཛིན་ནན་པོ། གཟན་རྩྭའི་སྤུས་ཚད་བདེ་འཇགས་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་འཆར་ཅན་ལྟ་ཞིབ་ཚད་ལེན་ལམ་ལུགས་དང་ཁུངས་འདེད་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས་པ་དང་། བཟའ་བཅའ་རྫུན་ལྷད་ཞན་གསུམ་བཟོ་ཚོང་དང་། ཁྲིམས་འགལ་གྱི་བཟའ་བཅའི་མ་བཅོས་རྒྱུ་ཆ་བེད་སྤྱོད་སོགས་ཀྱི་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་བ། གཞི་རིམ་གྱི་བོད་སྨན་སྨན་སྦྱོར་ཁང་ལ་ཞིབ་བཤེར་དང་མཛུབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས་པ། འཁོར་རྒྱུག་ཕྱིར་ཚོང་ལྷུ་ཚིགས་ཀྱི་ལྟ་འདོམས་ལ་ཤུགས་སྣོན་དང་། བཟའ་བཏུང་ཞབས་འདེགས་ཀྱི་ཆོག་འཐུས་ལམ་ལུགས་ནན་དུ་གཏོང་བ། བཟའ་བཏུང་འཛད་སྤྱོད་ཀྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་གཏིང་ཟབ་སྤེལ་བ། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ་དང་། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན། དཔྱད་ཞིབ་དཔྱད་དཔོག་ལ་ཤུགས་སྣོན། དཔུང་ཁག་འཛུགས་སྐྱོང་ཟབ་ཏུ་གཏོང་བ། དྲིལ་བསྒྲགས་ཁྲིད་སྟོན་ལ་སྣང་ཆེན་བཅས་བྱས་ནས། བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཀྱི་ལས་དོན་ལ་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བའི་འགན་ལེན་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི“ལྕེ་ཐོག་གི་བདེ་འཇགས”ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།