ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས་ཤང་དང་གྲོང་རྡལ། གྲོང་གསེབ་བཅས་ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་བྱེད་ཤུགས་ཆེ་རུ་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-03-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་གཞུང་ལམ་ཆུ་ལམ་སྐྱེལ་འདྲེན་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་ཤེས་གསལ་ལྟར་ན། 2022ལོར། བོད་ལྗོངས་ཀྱིས་ཆ་རྐྱེན་འཛོམས་པའི་ཤང་དང་གྲོང་རྡལ་དང་སྲིད་འཛིན་གྲོང་ཚོར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས། ལོ་ཧྲིལ་པོར་ཤང་དང་གྲོང་རྡལ5དང་སྲིད་འཛིན་གྲོང་ཚོ111ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ་དང་། འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་སོ་སོར73.7%དང45%ཟིན་རྒྱུ་རེད།

2021ལོའི་ལོ་མཇུག་བར། བོད་རང་སྐྱོང་ལྗོངས་སུ་བསྡོམས་པས་འགྲུལ་སྐྱེལ་རླངས་འཁོར4497དང་། ཟོག་འདྲེན་རླངས་འཁོར46976། དངོས་ཟོག་སྐྱེལ་འདྲེན་གཉེར་སྐྱོང་ལས་རིགས་གཉེར་བའི་དུད་ཚང30671བཅས་ཡོད་པ་དང་། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི613ལེགས་འགྲུབ་བྱུང་ཤིང་། འགྲུལ་སྐྱེལ་འཁོར་རྒྱུག་བྱེད་ཚད་མི་ཁྲི147749ཟིན་ཡོད། ལྗོངས་ཡོངས་སུ་ཤང་དང་གྲོང་རྡལ23དང་སྒྲིག་གཞི་ཚང་བའི་གྲོང་ཚོ175ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་རྒྱུའི་དམིགས་འབེན་ལས་འགན་ལེགས་འགྲུབ་བྱུང་བ་མ་ཟད། ཤང་དང་གྲོང་རྡལ1དང་སྒྲིག་གཞི་ཚང་བའི་གྲོང་ཚོ34ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པའི་ལས་འགན་ཡང་ཚད་བརྒལ་ངང་ལེགས་འགྲུབ་བྱུང་ཡོད།

ངོ་སྤྲོད་བྱས་པ་ལྟར་ན། 2021ལོར། བོད་ལྗོངས་ཀྱི་གཞུང་ལམ་དང་ཆུ་ལམ་སྐྱེལ་འདྲེན་ལས་དོན་གྱིས་ཞིང་སྡེའི་འགྲུལ་སྐྱེལ་འཕེལ་རྒྱས་གཏིང་ཟབ་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། བོགས་གཏོང་རླངས་འཁོར་ཚད་མཐུན་ཅན་དུ་འགྱུར་བའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ། གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་མགྱོགས་མྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དྲ་རྒྱའི་ཟོག་འདྲེན་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། རྒན་རྒོན་གྱི་སྟབས་བདེའི་འགྲོ་སྐྱོད་ཞབས་ཞུའི་འགན་ལེན་ལ་སྐུལ་འདེད་གཏོང་བ། འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་དང་ཆེས་ཆུང་གྲས་བོགས་གཏོང་གཉེར་སྐྱོང་ཚད་ལྡན་དུ་གཏོང་བ། གཉེར་སྐྱོང་རླངས་འཁོར་གྱི་འགུལ་རྣམ་ལྟ་སྐུལ་དོ་དམ་ལ་མུ་མཐུད་ཤུགས་སྣོན་རྒྱག་པ། དམངས་འཚོའི་ཞབས་ཞུའི་ཕན་ནུས་མཐོར་འདེགས་སུ་གཏོང་བ་བཅས་ཀྱི་ཐད་འཕེལ་རྒྱས་གལ་ཆེན་བྱུང་ཡོད།

ད་ལོར། བོད་ལྗོངས་ཀྱི་གཞུང་ལམ་སྐྱེལ་འདྲེན་སྡེ་ཁག་གིས་དྲ་རྒྱའི་ཟོག་འདྲེན་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ལྗོངས་ཕྱིའི་དྲ་རྒྱའི་ལས་སྟེགས་ཀྱི་ལག་རྩལ་ཁེ་ལས་ཀྱིས་བོད་ལྗོངས་ལ་ཞབས་འདེགས་སྒྲུབ་པར་ཁྲིད་སྟོན་བྱེད་པ། ནམ་ཡང་གནས་ཐུབ་པའི་དྲ་རྒྱའི་ཟོག་འདྲེན་ཁེ་ལས་སྐོར་གཅིག་སྐྱེད་སྲིང་བཅས་བྱས་ཏེ། ཟོག་འགྲེམས་ལས་རིགས་ཀྱི་མ་གནས་གཅོག་པ་དང་སྤུས་ཚད་མཐོར་འདེགས། ཕན་འབྲས་ཆེར་གཏོང་བཅས་ལ་རོགས་རམ་བྱ་རྒྱུ་རེད། དམངས་འཚོར་ཞབས་འདེགས་ཞུ་བའི་ཐད། བོད་རང་སྐྱོང་ལྗོངས་གཞུང་ལམ་སྐྱེལ་འདྲེན་སྡེ་ཁག་གིས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཚོང་གཉེར་ཁོར་ཡུག་མུ་མཐུད་ཇེ་ལེགས་སུ་གཏོང་རྒྱུ་དང་། ད་ལོར་ད་དུང་འགྲིམ་འགྲུལ་སྲིད་འཛིན་གྱི་གློག་རྡུལ་ལག་ཁྱེར་དང་གློག་རྡུལ་སྤ་སེའི་མ་ལག་བསྐྲུན་རྒྱུ་དང་། ཆ་འཕྲིན་མཉམ་སྦྲེལ་མཉམ་སྤྱོད་གཏིང་ཟབ་ཏུ་བཏང་ནས་གཞི་རིམ་དུ་སྤྱོད་རྒྱུར་ཞབས་འདེགས་ཏན་ཏིག་ཞུ་རྒྱུ་རེད། “ཐཱན་རྩེར་སོན་དང་། ཐཱན་སྙོམས་སྒྲིག”གི་དམིགས་འབེན་མངོན་འགྱུར་བྱེད་པའི་བླང་བྱ་གཞིར་བཟུང་། འཕྲུལ་སྒུལ་རླངས་འཁོར་ཞིག་གསོ་ཁེ་ལས་ཀྱི་སྲ་གཟུགས་སྙིགས་རོ(འཕྲུལ་སྣུམ་དང་གློག་རྫས)གཅིག་སྡུད་ཐོག་ཚུར་བསྡུ་ཐག་གཅོད་ས་ཚིགས་བཙུགས་ཏེ། ཁོངས་གཏོགས་ཁུལ་གྱི་ཞིག་གསོ་ཁེ་ལས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་སྦགས་བཙོག་ཉེན་ཁར་གྲལ་བཤེར་བྱ་རྒྱུ་དང་། ཁོར་ཡུག་སྲུང་སྐྱོང་གི་གཏན་འབེབས་དང་མི་མཐུན་པ་དུས་ཐོག་ཏུ་ཐག་གཅོད་བྱ་རྒྱུ། ཚབས་ཆེ་བའི་རིགས་ལས་མཚམས་བཞག་ནས་དག་ཐེར་བྱེད་དུ་འཇུག་རྒྱུ་བཅས་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།