ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་དང་པོ་དང་གཉིས་པར་ལྗོངས་ཡོངས་ཀྱི་འཛད་རྫས་ཁྲོམ་ར་སྤྱི་ཡོངས་ནས་བརྟན་པོ་བྱུང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-03-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་ཚོང་དོན་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་དང་པོ་དང་གཉིས་པར་ལྗོངས་ཡོངས་ཀྱི་འཛད་རྫས་ཁྲོམ་ར་སྤྱི་ཡོངས་ནས་བརྟན་པོ་རྒྱུན་འཁྱོངས་བྱུང་བ་དང་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར་126.51ཟིན་པ་དེ་དུས་མཚུངས་ལས་5.6%འཕར་བའི་ནང་བཅད་གྲངས་ཡན་གྱི་རྩིས་གཞིའི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར་30.03ཟིན་པ་དེ་དུས་མཚུངས་ལས་8.9%འཕར་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། དྲ་ཐོག་སིལ་ཚོང་བྱེད་ཚད་དུས་མཚུངས་ལས་44.7%འཕར་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་34.5ཡིས་མཐོ་བ་ཡོད་པ་དང་། དངོས་རྫས་ཚོང་ཟོག་དྲ་ཐོག་ཏུ་སིལ་ཚོང་བྱེད་ཚད་དུས་མཚུངས་ལས་50.9%འཕར་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་38.6གིས་མཐོ་བ་ཡོད་པ་རེད།

རྒྱལ་ནང་གི་སྣུམ་རིན་རྒྱུན་མཐུད་ངང་འཕར་བའི་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཐེབས་ནས་སྣུམ་གྲུབ་མའི་འཛད་སྤྱོད་མགྱོགས་མྱུར་འཕར་ཞིང་། ཟླ་དང་པོ་དང་གཉིས་པར་བཅད་གྲངས་ཡན་གྱི་རྡོ་སྣུམ་དང་དེ་བཞིན་བཟོས་རྫས་རིགས་ཀྱི་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར་11.43ཟིན་པ་དེ་དུས་མཚུངས་ལས་33.3%འཕར་བ་དང་བཅད་འབོར་ཡན་གྱི་རྩིས་གཞིའི་འཛད་སྤྱོད་དངོས་རྫས་སིལ་ཚོང་བྱེད་ཚད་བརྒྱ་ཆའི་གྲངས་10.4ཟིན་ཡོད་པ་རེད། ཉེ་དུས་བོད་དུ་གླ་པར་ཡོང་མཁན་ཇེ་མང་དུ་ཕྱིན་པ་དང་ཆབས་ཅིག་ལས་གྲྭའི་རྣམ་གྲངས་ཁག་གཅིག་གཅིག་རྗེས་གཉིས་མཐུད་ངང་ལས་འགོ་ཚུགས་པ་དང་། ཁྲའེ་ཡིའུ་སྣུམ་སྤྱོད་ཚད་མངོན་གསལ་དོད་པོས་འཕར་ཡོད། ཀྲུང་གོ་རྡོ་སྣུམ་བོད་ལྗོངས་ཕྱིར་ཚོང་ཡན་ལག་ཀུང་སིའི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། ཟླ་གཉིས་པར་རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་ཕྱིར་ཚོང་བྱེད་ཚད་18.80%འཕར་བ་དེ་ཟླ་དང་པོ་ལས་བརྒྱ་ཆའི་གྲངས་1.85ཡིས་མཐོ་བ་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།