ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོར་བོད་ལྗོངས་ཀྱིས་གཙོ་གནད་འཛུགས་སྐྲུན་རྣམ་གྲངས181བཀོད་སྒྲིག་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་ལྗོངས་ཡོངས་ཀྱི2022ལོའི་གཙོ་གནད་རྣམ་གྲངས་ལས་དོན་ལ་སྐུལ་འདེད་གཏོང་བ་དང་དུས་ཚིགས་དང་པོའི་རྣམ་གྲངས་གཅིག་སྡུད་ལས་མགོ་བསྐྱར་འཛུགས་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་རྒྱུས་ལོན་པ་ལྟར་ན། ད་ལོར་ལྗོངས་ཡོངས་ཀྱིས་གཙོ་གནད་འཛུགས་སྐྲུན་རྣམ་གྲངས181བཀོད་སྒྲིག་བྱས་ཡོད་ཅིང་། ལོ་འཁོར་གྱི་འཆར་གཞིའི་མ་འཇོག་སྒོར་དུང་ཕྱུར1404ཟིན་ཡོད། 

ངོ་སྤྲོད་བྱས་པ་ལྟར་ན། རྣམ་གྲངས་དག་རྨང་གཞིའི་སྒྲིག་བཀོད་གལ་ཆེན་གྱི་རིགས་དང་། ཐོན་ལས་འཕེལ་རྒྱས་ཀྱི་རིགས། དམངས་འཚོ་འགན་ལེན་དང་ལེགས་བཅོས་ཀྱི་རིགས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རིགས། མཐའ་མཚམས་སྟོབས་ཆེར་དང་གཞི་རིམ་སྲིད་དབང་གི་རིགས་བཅས་སུ་དབྱེ་ཡོད། རྨང་གཞིའི་སྒྲིག་བཀོད་གལ་ཆེན་རིགས་ཀྱི་རྣམ་གྲངས61ཡོད་པར་མ་དངུལ་སྒོར་དུང་ཕྱུར416གཏོང་རྩིས་ཡོད་ལ། གཙོ་བོ་ལྕགས་ལམ་དང་། གཞུང་ལམ། གནམ་གྲུ་ཐང་། ཆུ་བེད། གྲོང་ཁྱེར་དོ་དམ་གྱི་ལས་དོན་སོགས་ཚུད་ཡོད། ཐོན་ལས་འཕེལ་རྒྱས་རིགས་ཀྱི་རྣམ་གྲངས75ཡོད་པ་དང་། དེར་མ་དངུལ་སྒོར་དུང་ཕྱུར765གཏོང་རྩིས་ཡོད་ཅིང་། གཙོ་བོ་ནུས་རྒྱུ་གཙང་མ་དང་། ལྗང་མདོག་བཟོ་ལས། ཡུལ་སྐོར་རིག་གནས། མཐོ་སྒང་གི་སྐྱེ་དངོས། མཐོ་གསར་གྲངས་འཛིན། མཐའ་མཚམས་ཚོང་དོན་ཟོག་འགྲེམས། ས་ཁང་བདག་ཁོངས་གསར་སྤེལ་དང་ཚོང་ལས་སོགས་ཚུད་ཡོད། དམངས་འཚོ་འགན་ལེན་དང་ལེགས་བཅོས་རིགས་ཀྱི་རྣམ་གྲངས32ཡོད་པར་མ་དངུལ་སྒོར་དུང་ཕྱུར67གཏོང་རྩིས་ཡོད་ལ། གཙོ་བོ་སློབ་གསོ་དང་། སྨན་བཅོས། རིག་གནས། འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གཞི། སྤྱི་ཚོགས་ཀྱི་བྱ་གཞག་གཞན་དག་སོགས་ཚུད་ཡོད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་རིགས་ཀྱི་རྣམ་གྲངས8ཡོད་པར་མ་དངུལ་སྒོར་དུང་ཕྱུར51གཏོང་རྩིས་ཡོད་ལ། གཙོ་བོར་གཙོ་གནད་སྐྱེ་ཁམས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན། ལྷ་སའི་ལྷོ་བྱང་རིའི་ལྗང་སྒྱུར་ལས་གཞི། གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་དང་གད་སྙིགས་གཙང་སེལ་དང་བསྡུ་རུབ་སོགས་ཚུད་ཡོད། མཐའ་མཚམས་སྟོབས་ཆེར་དང་གཞི་རིམ་སྲིད་དབང་རིགས་ཀྱི་རྣམ་གྲངས5ཡོད་པར་མ་དངུལ་སྒོར་དུང་ཕྱུར60གཏོང་རྩིས་ཡོད།

རྒྱུས་ལོན་ལྟར་ན། ལྗོངས་ཡོངས་སུ་དུས་ཚིགས་དང་པོར་ལས་མགོ་བསྐྱར་འཛུགས་བྱས་པའི་རྣམ་གྲངས63ཡོད་པ་དང་། མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར5343ཟིན་ཡོད། 2021ལོའི་ལོ་མཇུག་བར་རིམ་རྩིས་བྱས་ན་མ་མཇོག་སྒོར་དུང་ཕྱུར1271ལེགས་འགྲུབ་ཟིན་པ་དང་། 2022ལོར་མ་དངུལ་སྒོར་དུང་ཕྱུར811གཏོང་རྩིས་ཡོད་ཅིང་། དེས་ལོ་ཧྲིལ་བོའི་གཙོ་གནད་རྣམ་གྲངས་ཀྱི་འཆར་གཞིའི་མ་འཇོག་སྒོར་དུང་ཕྱུར1404ཡི58%བཟུང་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།