ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བྲག་ཡིབ་ཆུས་ཀྱིས་ཡུལ་བབ་དང་བསྟུན་ནས་གསར་བརྗེའི་འགྲེལ་བཤད་པའི་དཔུང་ཁག་བཏོད་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-03-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱིས“ཆེད་དོན་འཆད་ཁྲིད་དང་། ཡུལ་དངོས་ཀྱི་ལྟ་སྦྱོང་། སྣང་བརྙན་དངོས་ཀྱི་ནང་སྦྱོང་བཅས་ཟུང་དུ་འབྲེལ་བའི”རྣམ་པར་བརྟེན་ནས་གསོ་སྦྱོང་བྱས་ཏེ། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་གསར་བརྗེའི་འགྲེལ་བཤད་པའི་དཔུང་ཁག་བཙུགས་ནས་ཆབ་སྲིད་ཀྱི་བྱང་ཚད་དང་། ཆེད་ལས་ཀྱི་བྱང་ཚད། ལག་ལེན་གྱི་ནུས་པ་བཅས་ལ་དམིགས་ནས་བྲག་ཡིབ་ཆུས་ཨུད་ཀྱི“ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་། ལེགས་ཆར་བརྟེན་ནས་སྐུལ་འདེད། གདོང་ལེན་བྲག་ཡིབ”བཅས་ཀྱི་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཁྱོན་ཡོངས་ནས་ཆེ་རུ་བཏང་སྟེ། བྲག་ཡིབ་ཆུས་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་བརྗོད་དོན་གཙོ་བོའི་སློབ་གསོ་མཉམ་འབྲེལ་འགྲེམས་ཁང་དུ་འགྲེལ་བཤད་པའི་དཔུང་ཁག་གི་འགན་ལེན་བྱས་པ་རེད།

འགྲེལ་བཤད་པ་དཔུང་སྡེ་དང་བྲག་ཡིབ་ཆུས་ཀྱི་སྲིད་གཙང་ཉེན་ཟོན་སློབ་གསོའི་རྟེན་གཞིར་བསྐྱོད་རྒྱུར་སྒྲིག་འཛུགས་བྱས་ཏེ་ས་ཡུལ་དངོས་ནས་སློབ་གསོ་མྱངས་པ་དང་། ཉིང་ཁྲི་གྲོང་ཁྱེར་གྱི་ཀོང་པོའི་སྤྱི་གླིང་དང་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་2021ལོའི་ཟླ་བདུན་པར་བོད་དུ་རྟོག་ཞིབ་བྱེད་པར་ཕེབས་པའི་ལམ་བུར་བསྐྱར་དུ་བསྐྱོད་དེ། གསར་བརྗེའི་འགྲེལ་བཤད་པའི་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བར་སྔར་བས་ཁྲིད་སྟོན་བྱས་ནས་ཏང་གཤིས་བློ་སྦྱོང་ཟབ་ཏུ་བཏང་ཡོད།

དུས་ཡུན་ཉིན་4རིང་གི་གསར་བརྗེའི་འགྲེལ་བཤད་པའི་གསོ་སྦྱོང་འཛིན་གྲྭར་བརྟེན་ནས། མིག་སྔར་འགྲེལ་བཤད་པའི་དཔུང་ཁག་བཙུགས་ཙམ་ཡིན་པ་དང་། འཇོན་ནུས་དང་བྱང་ཚད་དོ་མི་མཉམ་པའི་དོན་དངོས་ལ་དམིགས་ནས། ཆེད་ལས་དགེ་རྒན་གདན་དྲངས་ནས་འགྲེལ་བཤད་པར་འཛོམས་དགོས་པའི་གཞི་རྩའི་བྱང་ཚད་དང་། སྐད་གདངས་ཀྱི་རྨང་གཞི་དང་ཚན་རིག་དང་མཐུན་པའི་སྒྲ་འདོན་སྟངས། གསར་བརྗེའི་གཏམ་རྒྱུད་སྔོག་འདོན་དང་གསར་བརྗེའི་འགྲེམས་ཁང་གི་འགྲེལ་གཏམ་འབྲི་བ་སོགས་ཀྱི་ནང་དོན་ཐད་ཆེད་དོན་སློབ་ཁྲིད་བྱས་པ་དང་འབྲེལ། 《རྒྱལ་ཁབ་ཀྱི་མཛད་རྗེས་རྡོ་རིང་ལ་གུས་འདུད་ཞུ་བའི་རྒྱལ་ཡོངས་གསར་བརྗེའི་འགྲེལ་བཤད་པའི་འགྲན་བསྡུར་ཆེ་མོ》ཡི་འབྲེལ་ཡོད་བརྙན་ཐུང་བལྟས་པས་འགྲེལ་བཤད་པས་འགྲེལ་བཤད་ཀྱི་ཆེད་ལས་ཤེས་བྱ་ཕྱོགས་ཡོངས་ནས་ཤེས་རྟོགས་དང་འགྲེལ་བཤད་ཀྱི་རྩལ་ནུས་ཁོང་དུ་ཆུད་པ་རེད། དེ་དང་ཆབས་ཅིག་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་འགྲེལ་བཤད་པས་རིམ་པ་བཞིན་རོགས་ཁྲིད་བྱེད་པའི་ལམ་སྲོལ་བཙུགས་ནས། སྐད་འཕྲིན་ལས་སྟེགས་སྤྱད་དེ་སློབ་གསེང་དུས་ཚོད་ནང་ཉམས་མྱོང་སྤེལ་རེས་དང་དོགས་གཞིར་ལན་འདེབས་རེས་བྱེད་ཀྱི་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།