ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་ས་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ཏང་འཛུགས་སྐྱོང་དང་ལས་སྒོ་མཉམ་འདྲེས་གཏིང་ཟབ་ཡོང་བར་རྒྱུན་མཐུད་སྐུལ་འདེད་བཏང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-01-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འདས་ཟིན་པའི་ལོ་གཅིག་ནང་། ལྷ་ས་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ཀྲུང་དབྱང་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཏང་ཨུད་དང་ཅུས་ཏང་ཙུའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། “ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་གདེང་ཚོད་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ཧུར་ཐག”བཅས་བྱེད་པ་དང“ཏང་གི་ལོ་རྒྱུས་སྦྱོང་བ་དང་། དགོངས་དོན་རྟོགས་པ། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་པ་གཏོད་པ”བཅས་ཀྱི་དམིགས་ཚད་བླང་བྱར་དམ་པོར་དམིགས་པ། ནགས་ལས་དང་རྩྭ་ཐང་གི་ལྟེ་བའི་ལས་དོན་ལ་དམིགས་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ། ཏང་འཛུགས་སྐྱོང་དང་ལས་སྒོ་མཉམ་འདྲེས་གཏིང་ཟབ་བྱེད་པར་རྒྱུན་མཐུད་སྐུལ་འདེད་བཏང་བ་བཅས་བྱས་ནས་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ལ་སྔར་བས་ཤུགས་སྣོན་བརྒྱབ་ཡོད།

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་། “སྔར་བས་གསུམ”གྱི་ཆེད་དོན་སློབ་གསོ། “གསར་པ་གསུམ”གྱི་སློབ་སྦྱོང་ཆེ་མོ་དང་གྲོས་བསྡུར་ཆེ་མོ་བཅས་ཀྱི་བྱེད་སྒོ་ལག་བསྟར་དོན་འཁྱོལ་བྱས་ཏེ། སློབ་སྦྱོང་སློབ་གསོ་དང་ལྟ་སྐུལ་དོ་དམ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་། རྩ་འཛུགས་ཀྱི་འགན་ལེན་ལ་ཤུགས་སྣོན་རྒྱག་པ། སློབ་སྦྱོང་སློབ་གསོར་དུས་དང་རྣམ་པ་ཀུན་ཏུ་དམ་འཛིན་བྱེད་མཁན་ཡོད་པ་དང་དོ་དམ་བྱེད་མཁན་ཡོད་པའི་འགན་ལེན་བཅས་བྱས་ནས་སློབ་སྦྱོང་སློབ་གསོ་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་ཆེད། ལྷ་ས་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ཅུས་ཏང་ཙུའི་ཧྲུའུ་ཅིས་ཙུའུ་ཀྲང་གི་འགན་འཁུར་བ་དང་། ཅུས་ཀྲང་གིས་རྒྱུན་ལས་ཙུའུ་ཀྲང་གཞོན་པ། ཚན་ཁག་གི་ཁོངས་མིས་ཙུའུ་ཀྲང་གཞོན་པ། ཚན་ཁག་ཁག་གི་འགན་ཁུར་བས་ཁོངས་མི་བཅས་བྱེད་པའི་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་བཙུགས་པ་རེད། རྩ་འཛུགས་ཀྱི་སྐུལ་འདེད་ལ་ཤུགས་སྣོན་རྒྱག་པ་དང་ཅུས་ཀྱི་སློབ་སྦྱོང་སློབ་གསོའི་གཞུང་ལས་ཁང་བཙུགས་ནས། ཏང་ཙུའི་ཁོངས་མི་དང་ཅུས་ཀྲང་གཞོན་པ་གཅིག་གིས་སློབ་སྦྱོང་སློབ་གསོའི་ལས་དོན་ལ་ཆེད་མངགས་འགན་འཁུར་རྒྱུ་ཁ་གསལ་བཟོས་པས། ཆེད་དོན་སློབ་སྦྱོང་སློབ་གསོར་གོང་འོག་ཚང་མས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། རིམ་པ་བཞིན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་ལས་ཀའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།