ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

“རིག་སྟོབས་བོད་སྐྱོར”གྱིས་མལ་གྲོ་གུང་དཀར་རྫོང་གི་གྲོང་གསེབ་དར་རྒྱས་ལ་སྒུལ་ཤུགས་བསྣན་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཤེས་ལྡན་མི་སྣ་ནི་ཐོན་ཁུངས་ཨང་དང་པོ་དང་ལས་ཞུགས་ནི་དམངས་འཚོ་ཆེ་ཤོས་དེ་ཡིན། ཤེས་ལྡན་པ་གསོ་སྐྱོང་དང་ལས་ཞུགས་དེ་བས་ལེགས་པ་ཐུབ་པ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་ལྷུ་ཚིགས་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་། ནན་ཅིང་གིས་མལ་གྲོ་གུང་དཀར་རྫོང་ལ་ས་གནས་དེ་གའི་ཤེས་ལྡན་མི་སྣའི“ནང་སྐྱེས་སྒུལ་ཤུགས”སྔོག་འདོན་བྱེད་རོགས་བྱས་ཏེ་ཤེས་ལྡན་པ་གསོ་སྐྱོང་ནས་སློབ་ཆེན་ཐོན་ཏེ་ལས་ཞུགས་ཐུབ་པའི་བར་གྱི“མཐའ་མའི་འགག་གནད”ནུས་ཤུགས་ཡོད་རྒུས་བཏོད་པ་དང་ཤེས་ལྡན་པ་གསོ་སྐྱོང་བྱེད་སྟངས་གསར་པ་འཚོལ་ཞིབ་བྱེད་པ་ནས་ལས་ཞུགས་ལས་གཏོད་ཀྱི་རྣམ་པ་གསར་པ་འཚོལ་ཞིབ་བྱེད་པའི་བར་འགྱུར་ལྡོག་ཕྱིན་ཡོད་པ་རེད།

2019ལོའི་ཟླ་11པར་། མལ་གྲོ་གུང་དཀར་རྫོང་གི“སྐལ་བཟང་མེ་ཏོག་བཞད་པའི་སློབ་གྲྭ་ཆེ་མོ་བའི་ལས་ཞུཌ་ལས་གཏོད་ཀྱི་ནན་ཅིང་གི་དམིགས་བསལ་སྦྱོང་བརྡར་འཛིན་གྲྭ”སྐབས་དང་པོ་བཙུཌ་པ་རེད། དམིཌ་བསལ་སྦྱོང་བརྡར་འཛིན་གྲྭ་དེར“1+3+N”ཡི་གསོ་སྦྱོང་བྱེད་སྟངས་ལག་ལེན་བསྟར་བ་སྟེ། ཟླ་བ་གཅིག་གི་གཅིག་སྡུད་གསོ་སྦྱོང་དང་། ཟླ་བ་གསུམ་གྱི་ཁེ་ལས་ཀྱི་ལྟ་སྦྱོང་། འཇོན་ཐང་སྣ་ཚོགས་སྦྱོང་བ། ལས་ཞུཌ་སྣ་ཚོཌ་བཅས་མངོན་འགྱུར་བྱུང་བ་དེ་རེད། ལོ་3རིང་འཚོལ་ཞིབ་དང་ལག་ལེན་བསྟར་བ་བརྒྱུད་དམིཌ་བསལ་སྦྱོང་བརྡར་འཛིན་གྲྭར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། 2021ལོའི་ཟླ་4པའི་བར་ཁག་གཉིས་ལ་མལ་གྲོའི་སློབ་མ་67བདེ་བླག་ངང་སློབ་མཇུག་འགྲིལ་ནས་ལས་ཞུཌ་ཐུབ་ཚད་100%ཟིན་ཡོད་པ་རེད། ལས་ཞུགས་ལས་གཏོད་ཀྱི་འཚར་ལོངས་འཛིན་གྲྭ་རྒྱ་སྐྱེད་བཏང་ནས“སྐལ་བཟང་མེ་ཏོག་གི‘ཤེས་ལྡན་པ’+‘ལས་སྟེགས’ཀྱི་འཆར་གཞི”ཁྱབ་གདལ་བཏང་བ་དང་འབྲེལ་སློབ་གྲྭ་ཆེ་མོ་བའི་ལས་གཏོད་ལས་ཞུགས་ཐེབས་རྩའང་བཙུགས་ནས་ཆབ་སྲིད་དང་། ཚོང་ལས། ཁེ་ལས། སློབ་གྲྭ་བཅས་ཀྱིས་མཉམ་དུ་བཏོད་པའི་སྐལ་བཟང་མེ་ཏོག་བཞད་པའི་འཚར་ལོངས་སློབ་གླིང་བཙུགས་ནས་ལོ་གཉིས་ནང་ལས་ཞུགས་ལས་གཏོད་བྱེད་མཁན་སློབ་མ་མི་ཐེངས་431གི་ལས་རིགས་འཆར་འགོད་བྱེད་ནུས་དང་མཐུན་སྒྲིལ་མཉམ་ལས་བྱེད་ནུས་ཆེ་རུ་ཕྱིན་ཡོད་པ་རེད།

“དེ་གོང་གི་སྐབས་གཉིས་ཀྱི་སློབ་མ་རྣམས་ཕ་ཡུལ་དུ་ལོག་རྗེས་ཚང་མ་ལས་ཞུགས་ཐུབ་པར་བརྟེན་འདི་ལོའི་དམིགས་བསལ་སྦྱོང་བརྡར་འཛིན་གྲྭ་གཉེར་འགོ་ཚུགས་མ་ཐག་ངས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་མིང་ཐོ་བཀོད་པ་ཡིན། ཐོག་མའི་དུས་ཀྱི་རབ་རིབ་ཀྱི་དུས་མཚམས་བརྒྱུད་རྗེས་ད་ཆ་ང་ལ་གཅིག་སྡུད་སྦྱོང་བརྡར་བྱེད་པའི་ཁྲོད་འཚར་ལོངས་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཤིག་རྙེད་བྱུང” དམིགས་བསལ་སྦྱོང་བརྡར་འཛིན་གྲྭའི་སློབ་སྦྱོང་བརྒྱུད་རིམ་སྐོར་གླེང་སྐབས་ལྷ་མོ་དབྱངས་ཅན་གྱིས་དེར་གཅེས་སྤྲས་ཆེན་པོ་བྱེད་ཀྱི་ཡོད། ཁོང་ནི་སྐབས་གསུམ་པའི“སྐལ་བཟང་མེ་ཏོག་བཞད་པའི་སློབ་གྲྭ་ཆེ་མོ་བའི་ལས་ཞུགས་ལས་གཏོད་ཀྱི་ནན་ཅིང་གི་དམིགས་བསལ་སྦྱོང་བརྡར་འཛིན་གྲྭའི”སློབ་མ་ཡིན་ལ་སྐབས་འདིའི“སྐལ་བཟང་མེ་ཏོག་བཞད་པའི་ནན་ཅིང་དང་མལ་གྲོའི་གཟའ་འཁོར”གྱི་བྱེད་སྒོའི་ཁྲོད་དང་བླངས་པའི་འགན་ཡང་འཁུར་གྱི་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། དམིགས་བསལ་སྦྱོང་བརྡར་འཛིན་གྲྭའི་སློབ་ཁྲིད་འཆར་འགོད་ནང་རིགས་པའི་གཞུང་ལུགས་ཀྱི་ཟུར་ཁྲིད་དང་། གྱོད་དཔེ་དབྱེ་ཞིབ། ཉམས་མྱོང་མཉམ་སྤྱོད། ལྟ་སྐོར་ཉམས་ལེན། ལག་ལེན་ལྟ་སྦྱོང་སོགས་ཚུད་ཡོད། སློབ་མ་ཚོས་བརྒྱུད་རིམ་ལྡན་པའི་ངང་རང་ཉིད་ཤེས་རྟོགས་དང་། ལག་ལེན་བསྟར་ནུས། འགོ་ཁྲིད་ནུས་པ། གཏམ་བཤད་སྤེལ་ནུས། ཚོང་གཉེར་ནུས་པ། ལས་རྗེས་དོ་དམ། ཚོང་ལས་རྣམ་པ་སོགས་ཀྱི་ནང་དོན་སློབ་སྦྱོང་བྱེད་ཐུབ་ཀྱི་ཡོད་པ་རེད།

ལྷ་མོ་དབྱངས་ཅན་གྱིས་འབྱུང་འགྱུར་གྱི་འཕེལ་རྒྱས་ལ་རེ་སྒུག་ཆེན་པོ་བྱེད་བཞིན“དམིགས་བསལ་སྦྱོང་བརྡར་འཛིན་གྲྭ་སློབ་མཇུག་འགྲིལ་རྗེས་མལ་གྲོ་གུང་དཀར་རྫོང་དུ་ལས་ཀ་བྱེད་པར་འགྲོ་རྩིས་ཡོད། རང་ཉིད་ཀྱིས་སྦྱངས་པའི་རྩལ་ནུས་ཤེས་བྱར་བརྟེན་ནས་ཕ་ཡུལ་དར་རྒྱས་གཏོང་ཆེད་སྟོབས་ཤུཌ་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་བཤད།

ནན་ཅིང་གིས“རིག་ནུས་བོད་སྐྱོར”གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད་པ་དང་། སློབ་གྲྭ་ཆེ་མོ་བའི་ལས་ཞུགས་ལས་གཏོད་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་པ་མ་ཟད། ད་དུང་མལ་གྲོའི་ས་གནས་དེ་གའི་སློབ་གསོ་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་གསར་སྐྱེས་ཀྱི་སྟོབས་ཤུགས་བསྣན་ཡོད། 2020ལོའི་ཟླ་8པར་བོད་ཀྱི“མལ་གྲོའི་ནན་ཅིང་འཛིན་གྲྭ”ཐོག་མ་དེ་སློབ་གཉེར་བྱེད་འགོ་ཚུགས་ནས་ཁག་དང་པོའི་དམའ་འབྲིང་འཛིན་གྲྭ་གཉིས་སློབ་འགོ་ཚུགས་པ་དང་དགེ་རྒན་12མལ་གྲོའི་ནན་ཅིང་འཛིན་གྲྭར་སློབ་ཁྲིད་བྱེད་པར་བསྐྱོད་པ། སློབ་གསོའི“ཚོགས་ཆུང་ཚོགས་པའི”བོད་སྐྱོར་གཞི་ཁྱོན་རགས་ཙམ་ཆགས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།