ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོར་བོད་ལྗོངས་ཀྱིས་སྤྱིལ་ཁྱིམ་ཁུལ5500སྒྱུར་བཀོད་བྱ་རྩིས་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-01-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས18ཉིན། གསར་འགོད་པས་ལྗོངས་ཡོངས་ཀྱི་སྡོད་ཁང་དང་ཤང་གྲོང་འཛུགས་སྐྲུན་ལས་དོན་ཚོགས་འདུའི་ཐོག་ཤེས་གསལ་ལྟར་ན། ད་ལོར་བོད་ལྗོངས་ཀྱིས་སྤྱིལ་ཁྱིམ་ཁུལ5500སྒྱུར་བཀོད་དང་། སྤྱི་པའི་གླ་ཁང1728དང་འགན་ལེན་རང་བཞིན་གྱི་བོགས་གཏོང་ཁང852བསྐྲུན་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། སྤྱིལ་ཁྱིམ་ཁུལ་སྒྱུར་བཀོད་ལས་དོན་གྱིས་མཁར་རྙིང་ཁུལ་གྱི་བཙོག་ཟིང་ཞན་གསུམ་གྱི་སྤྱིལ་ཁྱིམ་ཁུལ་གཙོ་གནད་ཐོག་སྒྱུར་བཀོད་དང་། ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་ནས་སྡོད་གནས་ཀྱི་སྤུས་ཚད་ཇེ་ལེགས་སུ་གཏོང་རྒྱུ་རེད། གཞན་ཡང་། ད་དུང་འགན་ལེན་རང་བཞིན་གྱི་བོགས་གཏོང་ཁང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ། ནུས་ཤུགས་ཡོད་རྒུས་གྲོང་མི་གསར་པ་དང་། གཞོན་ནུ། ལྷག་པར་དུ་གཞི་རྩའི་སྤྱི་པའི་ཞབས་ཞུའི་ལས་དོན་སྒྲུབ་པའི་མི་སྣ་སོགས་ཚོགས་སྤྱིའི་སྡོད་ཁང་གི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་རེད། འཁོར་རྒྱུག་ཁང་པ་ཁྲི1འཛུགས་སྐྲུན་གྱི་རྣམ་གྲངས་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས། འཁོར་རྒྱུག་ཁང་པ་བགོ་བཤའ་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་རེད།

དེ་དང་ཆབས་ཅིག བོད་ལྗོངས་ཀྱིས་རྣམ་པ་གསར་བའི་གྲོང་རྡལ་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས། གྲོང་ཁྱེར་དང་གྲོང་རྡལ་གྱི་གཞིས་ཁུལ་རྙིང་གྲས31སྒྱུར་བཀོད་ལག་བསྟར་བྱས་ཏེ། གྲོང་ཁྱེར་འཛུགས་སྐྲུན་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་སྡོད་ཁང་ཆ་རྐྱེན་ཇེ་ལེགས་སུ་གཏོང་རྒྱུ་རེད། འཕྱོངས་རྒྱས་དང་རྣམ་གླིང་སོགས་གྲོང་ཁྱེར་དང་གྲོང་རྡལ་གྱི་བགྲོད་ལམ26གི་རྣམ་གྲངས་འཛུགས་སྐྲུན་དང་ས་བབ་མཐོ་ཚད་སྨི4000ཡན་གྱི་རྫོང་མཁར5ཡི་གཅིག་སྡུད་དྲོད་རླངས་མཁོ་འདོན་ལས་གཞི་ལག་བསྟར་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།