ཐའེ་ཀྲའོ་གནའ་གྲོང་གི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད།

src=http___youimg1.c-ctrip.com_target_100i1d000001eh1ysEB4D.jpg&refer=http___youimg1.c-ctrip.jpg

ཀོང་པོ་རྒྱ་མདའ་རྫོང་ནས་རྒྱལ་ལམ་318བརྒྱུད་དེ་ནུབ་ཕྱོགས་སུ་སྤྱི་ལེ་23སྐྱོད་རྗེས་ང་ཚོ་བཅར་འདྲི་ཚོགས་ཆུང་ལོ་རྒྱུས་ཐོག་སྐད་གྲགས་ཡོད་པའི་ཐའེ་ཀྲའོ་གནའ་གྲོང་དུ་འབྱོར།

ཐའེ་ཀྲའོ་གནའ་གྲོང་ནི་དེ་སྔའི་ཐང་བོད་གནའ་ལམ་གྱི་ས་ཚིགས་གལ་ཆེན་ཞིག་རེད།

གནའ་སྔ་མོ་ནས་ད་བར་མི་རིགས་མཉམ་འདྲེས་དང་མི་རིགས་མཐུན་སྒྲིལ་སྐོར་གྱི་གཏམ་རྒྱུད་མང་པོ་ཞིག་ས་ཆ་དེ་ནས་གྲགས་པ་དང་རྣ་བར་སྙན་ལ་མི་སེམས་འགུལ་བའི་མི་རིགས་མཐུན་སྒྲིལ་གྱི་སྙན་དབྱངས་རེ་རེ་བརྩམས་ཡོད། དམག་སྡེ་བཅོ་བརྒྱད་པ་དེ་གར་འབྱོར་བས་མི་རིགས་མཐུན་སྒྲིལ་གྱི་སྙན་དབྱངས་དེ་དག་སྔར་བས་ཡིད་དབང་འཕྲོག་པར་གྱུར་ཡོད།

ཐའེ་ཀྲའོ་གནའ་གྲོང་དུ་དམིགས་བསལ་གྱི་ས་ཆ་ཞིག་ཡོད་པ་སྟེ། དམག་སྡེ་བཅོ་བརྒྱད་པའི་ཟམ་པ་རེད། ལོ་མང་རིང་ཆར་རླུང་ཁྲོད་ལུས་པས་ཤིང་ཟམ་དེ་གོག་ཧྲུལ་དུ་གྱུར་ཡོད།

ང་ཚོས་མི་རིགས་མཐུན་སྒྲིལ་དང་འཆམ་མཐུན་མཉམ་གནས་ལ་དཔང་པོ་བྱེད་པའི་ལོ་རྒྱུས་ཤུལ་བཞག་དེ་དག་མཐོང་རྗེས་དམག་སྡེ་བཅོ་བརྒྱད་པ་དེ་གར་བཅའ་སྡོད་བྱེད་སྐབས་ཀྱི་གནས་ཚུལ་སྐོར་གླེང་སྐབས། ཐའེ་ཀྲའོ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་ཚུལ་ཁྲིམས་ཀྱིས་ཁོང་གི་སྤོ་བོ་ཧོ་ཅན་དང་དམག་སྡེ་བཅོ་བརྒྱད་པའི་དབར་གྱི་གཏམ་རྒྱུད་བརྗོད་བྱུང་།

src=http___www.chinatibetnews.com_lyrw_201512_W020151217648639083058.jpg&refer=http___www.chinatibetnews.jpg

ཧོ་ཅན་ནི་ཡུན་ནན་ལི་ཅང་གི་འཇང་རིགས་ཡིན་པ་དང་། 1939ལོར་ལོ་27ལ་སླེབས་པའི་ཧོ་ཅན་ཐའེ་ཀྲའོ་རུ་ཡོང་ནས་དེ་གར་གཞིས་ཆགས།

1950ལོའི་ལོ་མཇུག་ཏུ། མི་དམངས་བཅིངས་འགྲོལ་དམག་ཆབ་མདོ་ཕྱོགས་ནས་ཉང་ཕུ་ལུང་ཤུར་བརྒྱུད་ཐའེ་ཀྲའོ་རུ་ཡོང་བ་དང་། སྐབས་དེ་དུས་ལོ་38ལ་སླེབས་པའི་ཧོ་ཅན་གྱིས་རང་འགུལ་ངང་བཅིངས་འགྲོལ་དམག་གི་སྐད་སྒྱུར་དང་གོ་ཆས་ཉམས་བཟོ་བྱ་རྒྱུའི་རེ་འདུན་ཞུས་ནས་བཅིངས་འགྲོལ་དམག་ལ་འབྲུ་རིགས་གྲ་སྒྲིག་དང་ལམ་སྣེ་ཁྲིད་རོགས་བྱས་པ་རེད། དེ་དང་ཆབས་ཅིག་བཅིངས་འགྲོལ་དམག་གིས་གྲོང་ཚོར་ལམ་བཟོ་རོགས་དང་ཟམ་པ་བསྐྲུན་པ་མ་ཟད། དམག་ཁོངས་སྨན་པས་གྲོང་མིར་སྨན་རིན་མི་དགོས་པར་ནད་དཔྱད་སྨན་བཅོས་བྱས་པ་དང་ལག་རྩལ་པས་གྲོང་མིར་ཕྱུགས་རིགས་གསོ་ཚགས་དང་ཞིང་ལས་སྐྱེ་དངོས་འདེབས་འཛུགས་སོགས་ཀྱི་ལག་རྩལ་བསླབས་པ་རེད།

1953ལོར། ཧོ་ཅན་གྱིས་རྨས་སྐྱོན་ཕོག་པའི་བཅིངས་འགྲོལ་དམག་གི་འཐབ་འཛིང་པ་ཞིག་སྐྱོབ་བཅོས་བྱས་པ་དང་ཉིན་ལྟར་འཐབ་འཛིང་པ་དེར་རྨ་རས་བརྗེ་བ་སོགས་ལྟ་རྟོག་ཡག་པོ་བྱས་ཤིང་། རྨ་ཁ་དྲག་རྗེས་རྨས་སྐྱོན་ཕོག་པའི་བཅིངས་འགྲོལ་དམག་གི་འཐབ་འཛིང་པ་དེ་དཔུང་སྐྱོད་བྱེད་བཞིན་པའི་དམག་དཔུང་གིས་མཉམ་དུ་འཁྲིད།

src=http___www.tibetol.cn_uploadfile_2021_0812_20210812020116948.png&refer=http___www.tibetol.jpg

1959ལོར། ངོ་ལོག་ཇག་པས་ཧོ་ཅན་ལ་ཡ་ང་སྙིང་རྗེ་མེད་པའི་མནར་གཅོད་བཏང་བ་དང་སྟབས་ལེགས་པ་ཞིག་ལ་བཅིངས་འགྲོལ་དམག་གི་དཔུང་སྡེ་རྒྱལ་ལམ་318ནས་ཐའེ་ཀྲའོ་བརྒྱུད་སྐབས་ཧོ་ཅན་བསྐྱབས་པ་རེད།

ཡུད་ཙམ་ཞིག་ལ་ལོ་ངོ་70འདས་ཟིན་ཞིང་། ཐའེ་ཀྲའོ་གནའ་གྲོང་གི་རྣམ་པ་གསར་རྐྱང་དུ་གྱུར་ནས་མི་སེར་རྣམས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་མི་རིགས་མཐུན་སྒྲིལ་གྱི་བསྟོད་གླུ་གྲགས་བཞིན་ཡོད།

“ད་ཆའི་འཚོ་བ་ཧ་ཅང་སྐྱིད་པོ་འདུག བུ་རྒན་པས་གླ་པ་བྱེད་པ་དང་བུ་ཆུང་བ་སློབ་གྲྭར་སྐྱོད་བཞིན་ཡོད། ངེད་རྒན་རྒོན་གཉིས་ཀྱིས་གླ་པ་རྒྱུག་པ་དང་འབྲུ་རིགས་འདེབས་པ་སོགས་བྱས་ན་ལོ་ལྟར་ཡོང་འབབ་སྒོར་ཁྲི་8ལྷག་ཙམ་ཡོང་གི་ཡོད་པས་ཟས་གོས་ཐད་སེམས་ཁྲལ་མི་འདུག སླད་ཕྱིན་དེ་བས་ཡག་པ་ཡོང་ངེས་རེད”ཅེས་ལོ་46ལ་སླེབས་པའི་ཐའེ་ཀྲའོ་གྲོང་ཚོའི་གྲོང་མི་ཧྲན་ཅིན་ཞང་གིས་འཛུམ་དམུལ་དམུལ་ངང་བཤད།

2004ལོར་ལོ་29ལ་སླེབས་པའི་རྒྱ་རིགས་ཕོ་གསར་ཧྲན་ཅིན་ཞང་ཕ་ཡུལ་ཀན་སུའུ་ནས་ཐའེ་ཀྲའོ་གྲོང་ཚོར་ཟམ་པ་བསྐྲུན་པར་ཡོང་བ་དང་གཤིས་རྒྱུད་བཟང་བའི་བོད་རིགས་བུ་མོ་འཆི་མེད་ངོ་ཤེས་ཤིང་། གླ་པ་རྒྱུག་སྐབས་འབྲལ་མེད་མཉམ་གཤིབ་བྱས་མཐར་2005ལོར་ཁོང་གཉིས་གཉེན་སྒྲིག་བྱས་ནས་ཕྲུ་གུ་བུ་གཉིས་བྱུང་ཡོད། གཉེན་སྒྲིག་བྱས་རྗེས་ཀྱི་ལོ་བཅུ་གྲངས་ནང་། ནང་མི་ཚང་མ་ཕན་ཚུན་བརྩེ་དུང་ཟབ་མོ་ཡོད་པ་རེད།

src=http___youimg1.c-ctrip.com_target_100p0g00000088198D857.jpg&refer=http___youimg1.c-ctrip.jpg

རྒྱ་མདའ་ཤང་ཐའེ་ཀྲའོ་གྲོང་ཚོའི་ཧྲུའུ་ཅི་དང་པོ་དཔལ་འབྱོར་ཚེ་རིང་གིས“འདི་གར་གནའ་སྔ་མོ་ནས་བཟུང་མི་རིགས་ཁག་དབར་འགྲོ་འོང་བྱེད་མང་བ་དང་མི་རིགས་མཉམ་འདྲེས་བྱེད་མང་བའི་ས་ཆ་ཞིག་ཡིན་པས་ཚང་མས་ཡ་རབས་ཚུལ་ལྡན་དང་ཕན་ཚུན་བརྩི་འཇོག་བྱེད་ཀྱི་ཡོད། བཅིངས་འགྲོལ་བཏང་ནས་ད་བར་མི་རིགས་ཁག་དབར་ཕན་ཚུན་དེ་བས་བརྩི་འཇོག་དང་། དབུལ་སྐྱོར་དཀའ་སེལ། ཞི་མཐུན་མཉམ་གནས་བཅས་བྱེད་ཀྱི་ཡོད”ཅེས་བཤད། མིག་སྔར་ཐའེ་ཀྲའོ་གྲོང་ཚོར་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་6ཡོད་པ་དང་2018ལོར་ཐའེ་ཀྲའོ་གནའ་གྲོང་དེ་ཉིང་ཁྲི་གྲོང་ཁྱེར་གྱི་རྒྱལ་གཅེས་རིང་ལུགས(མི་རིགས་མཐུན་སྒྲིལ)ཀྱི་སློབ་གསོའི་རྟེན་གཞིར་གཏན་འཁེལ་བྱས་པ་དང་ལོ་དེར་ཐའེ་ཀྲའོ་གྲོང་ཚོར་ཉིང་ཁྲི་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཚོའི་མཚན་སྙན་ཐོབ་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།