ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དྲིལ་བསྒྲགས་པུའི་མངགས་བཅོལ་ལྟར་ལྗོངས་ཏང་ཨུ་དྲིལ་བསྒྲགས་པུས“དུས་རབས་ཀྱི་མིག་དཔེ”སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུན་གཉིས་ལ་འཚམས་འདྲི་བྱས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དཔྱིད་གསར་དུས་ཆེན་འཆར་ཉེའི་མཚམས་སུ། ཀྲུང་དབྱང་དྲིལ་བསྒྲགས་པུའི་མངགས་བཅོལ་ལྟར། ཚེས17ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་ལྷོ་ཁར་བསྐྱོད་ནས“དུས་རབས་ཀྱི་མིག་དཔེ”སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུན་གཉིས་ལ་འཚམས་འདྲི་བྱས་ནས་ཀྲུང་དབྱང་དྲིལ་བསྒྲགས་པུས“དུས་རབས་ཀྱི་མིག་དཔེར”བྱམས་བརྩེའི་ཐུགས་ཁུར་གནང་ལུགས་བརྒྱུད་བསྒྲགས་བྱས་པ་དང་ཁོང་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་རེད།

ལྷོ་ཁར་སླེབས་རྗེས་འཚམས་འདྲི་ཚོགས་ཆུང་དང་བཅས་པས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱི་ལས་ཀ་དང་འཚོ་བའི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་འབྲེལ་ཁོང་གཉིས་པོའི་ནང་མི་དང་བྱམས་བརྩེའི་གླེང་མོལ་བྱས་ནས་ཡུལ་སྨད་ཤང་གི་ཉེ་ལམ་གྱི་འཕེལ་རྒྱས་གནས་ཚུལ་ཤེས་རྟོགས་བྱས་པ་རེད།

འཚམས་འདྲི་ཚོགས་ཆུང་གིས་འདས་ཟིན་པའི་ལོ་གཅིག་ནང་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་པོས“དུས་རབས་ཀྱི་མིག་དཔེའི”གཟི་བརྗིད་ལ་གཅེས་སྤྲས་བྱས་པ་དང“དུས་རབས་ཀྱི་མིག་དཔེའི”ནུས་པ་བཏོན་ཏེ་མང་ཚོགས་ཀྱི་སྣེ་ཁྲིད་ནས་མཐའ་མཚམས་སུ་གཞི་ཚུགས་པ་དང་མཐའ་བརྟན་མཐའ་དར་གྱི་ཆེད་འབུལ་འོས་པའི་ལེགས་སྐྱེས་ཕུལ་ཡོད་ཅེས་གསུངས་པ་རེད། ལོ་གསར་པའི་ནང་ཁོང་གཉིས་པོས་ཡང་འབད་བསྐྱར་འབད་དང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་བཏོན་ནས། ཞིང་འབྲོག་མང་ཚོགས་དེ་བས་མང་བར་སྣེ་ཁྲིད་ནས་རྒྱལ་གཅེས་མཐའ་སྲུང་དང་ཁྱིམ་གཞིས་འཛུགས་སྐྲུན་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་སྐུལ་ལྕག་གནང་བ་རེད།

སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་དང་ཁོང་ཚོའི་གཉེན་ཉེས་རྩ་འཛུགས་ཀྱིས་ཐུགས་ཁུར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གཉིས་པོས་ཏང་དང་རྒྱལ་ཁབ་ཀྱིས་ང་ཚོར“དུས་རབས་ཀྱི་མིག་དཔེའི”བླ་ན་མེད་པའི་གཟི་བརྗིད་མཚན་སྙན་གནང་བ་དེ་ནི་སྐུལ་འདེབས་རེད་ལ་སྐུལ་ལྕག་ཀྱང་རེད། སླད་ཕྱིན་ངེས་པར་དུ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས་བློ་བརྟན་འགྱུར་མེད་ངང་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་མཁན་ཞིག་བྱེད་ཀྱི་ཡིན་ཞེས་བཤད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།