ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་ས་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས2021ལོའི་སློབ་སྐྱོར་མ་དངུལ་སྤྲོད་པའི་བྱེད་སྒོ་སྤེལ་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དཀའ་ངལ་ཡོད་པའི་ལས་བཟོའི་འཚོ་བའི་གནད་དོན་དངོས་ཐག་གཅོད་ཏན་ཏིག་དང་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་རྒྱུན་དུ་རོགས་རམ་བྱེད་པའི་ལས་དོན་ཡག་པོ་སྒྲུབ་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་2021ལོའི་སློབ་སྐྱོར་མ་དངུལ་སྤྲོད་པའི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་རིང་། ལྷ་ས་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལྗོངས་ནང་ཁུལ་གྱི་སློབ་ཆེན་སློབ་མ་རེར་རོགས་དངུལ་སྒོར་9000དང་ལྗོངས་ཕྱིའི་སློབ་ཆེན་སློབ་མ་རེར་རོགས་དངུལ་སྒོར་ཁྲི་1.2སྤྲོད་པའི་ཚད་གཞི་ལྟར། དཀའ་ངལ་ཡོད་པའི་ལས་བཟོའི་ཁྱིམ་ཚང་གི་བུ་ཕྲུག་70ལ་སློབ་སྐྱོར་མ་དངུལ་སྒོར་ཁྲི་81.9སྤྲད་པའི་ནང་ལྗོངས་ནང་ཁུལ་གྱི་སློབ་ཆེན་སློབ་མ་63དང་ལྗོངས་ཕྱིའི་སློབ་ཆེན་སློབ་མ་7ཡོད་པ་རེད།

ལྷ་ས་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱི་ལས་དོན་མི་སྣས་ད་དུང་བྱེད་སྒོའི་ནང་ཞུགས་མཁན་ལ་འབྲེལ་ཡོད་སློབ་སྐྱོར་སྲིད་ཇུས་འགྲེལ་བཤད་བརྒྱབ་ཅིང་། “ད་ཐེངས་ཀྱི་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་ལྷ་ས་གྲོང་ཁྱེར་གྱི་སྤྱོད་ཡོན་གཉིས་ལྡན་དང་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་པའི་དཀའ་ངལ་ཡོད་པའི་ལས་བཟོའི་བུ་ཕྲུག་གི་སློབ་ཆེན་ཕུགས་འདུན་སྒྲུབ་ཐུབ་པ་དང་། ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་རྐྱེན་གྱིས་སློབ་གྲྭར་བསྐྱོད་མི་ཐུབ་པའི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཡིན”ཞེས་ལྷ་ས་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཁེ་དབང་འགན་སྲུང་པུའི་པུའུ་ཀྲང་ཟླ་བ་སྒྲོལ་མས་གསར་འགོད་པར་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།