ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཉིང་ཁྲི་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་དཀའ་ངལ་ཡོད་པའི་མང་ཚོགས་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་པའི་འགན་ལེན་བྱས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དགུན་ཁ་ཤར་ཚུན། ཉིང་ཁྲི་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་དཀའ་ངལ་ཡོད་པའི་མང་ཚོགས་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་རྒྱུ་དེ་མིག་སྔའི་དམངས་འཚོའི་དོན་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་བྱེད་པ་དང་། མི་རྒྱུ་དངོས་གསུམ་ཤུགས་ཆེན་གཏོང་བ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་ཏན་ཏིག་བྱེད་པ། བདེ་འཇགས་ངང་དགུན་སྒྲོལ་དང་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་པར་བྱས་ཏེ“འགན་ལེན་བྱེད་དགོས་རིགས་འགན་ལེན་དང་། གསོ་དགོས་རིགས་གསོ་བ། སྐྱོབ་དགོས་རིགས་སྐྱོབ་པ། རོགས་པ་བྱེད་གང་ཐུབ་བྱེད་པ”བཅས་བྱས་ཡོད།

དཀའ་ངལ་ཡོད་པའི་ལས་བྲལ་དང་ལས་འཁྱུར་ལས་བཟོར་གནས་སྐབས་རོགས་སྐྱོབ་བྱས་ཤིང་། རང་འགུལ་ཤེས་རྟོགས་ཀྱི་ལམ་སྲོལ་བཙུཌ་པ་བརྒྱུད། རྫོང(ཆུས)ཁག་གི་དམངས་སྲིད་སྡེ་ཚན་དུད་ཚང་དུ་བསྐྱོད་དེ་བཅར་འདྲི་དང་སྲིད་ཇུས་དྲིལ་བསྒྲགས་ཡག་པོ་བྱེད་པར་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་བྱས་ནས། དགོས་མཁོ་ཡོད་པའི་མང་ཚོགས་ཀྱི་རེ་ཞུར་རང་འགུལ་ངང་གཞོགས་འདེགས་བྱས་ཡོད། མཐིལ་རྟོགས་གྲལ་བཤེར་བྱས་པ་བརྒྱུད། གནས་སྐབས་རོགས་སྐྱོབ་ཀྱི་ཆ་རྐྱེན་དང་མཐུན་པའི་དཀའ་ངལ་ཡོད་པའི་ལས་བྲལ་དང་ལས་འཁྱུར་བྱས་པའི་ཁེ་ལས་ཀྱི་ལས་བཟོ་5ལ་རོགས་སྐྱོབ་མ་དངུལ་སྒོར་46000སྤྲད་པ་རེད།

དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་དགུན་ཆས་སྤྲད་ཅིང་། མིག་སྔའི་བར། ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་དམངས་སྲིད་སྡེ་ཚན་གྱིས་མ་དངུལ་སྒོར་ཁྲི་108.56གྲབས་གསོག་བྱས་ནས། རྫོང་དང་ཆུས་བདུན་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་གཅིག་སྡུད་བསྙེན་བཀུར་ལྟེ་གནས་ཀྱི་རྒན་རྒོན་དང་དེ་བཞིན་ཁ་ཐོར་དུ་ལུས་པའི་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་ལ་དྲོད་སྲུང་གྱོན་ཆས་དང་། བྱ་སྤུའི་གྱོན་ཆས། སྲིང་བལ་ལྷམ་སོགས་དགུན་སྒྲོལ་དངོས་ཟོག་ཉོ་རྒྱུར་སྤྱད་དེ་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་766དང་ཉམས་ཞན་ཚོགས་སྤྱི་རྣམས་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་པ་བྱས་ཡོད།

ཉིང་ཁྲི་གྲོང་ཁྱེར་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ཀྱིས་ཟླ་12པའི་ཟླ་འགོར། ཁོར་ཡུག་གཙང་སྦྲ་བར་གཅེས་སྐྱོང་བྱེད་པའི་ཆེད་དོན་བྱེད་སྒོ་སྤེལ་ནས་མ་དངུལ་སྒོར་ཁྲི་4བཏང་སྟེ་ཁོར་ཡུག་གཙང་སྦྲ་བ་50ལ་བྱ་སྤུའི་གྱོན་ཆས་སོགས་གཅེས་སེམས་དངོས་པོ་བསྐྱལ་བ་རེད།

སྲིད་གཞུང་གི་ཉོ་སྒྲུབ་ཞབས་ཞུ་ཁྱབ་གདལ་བཏང་ནས་དཀའ་ངལ་གྱི་གནས་སུ་གྱར་བའི་བྱིས་པ་དང་གཞིས་ལུས་བྱིས་པར་དྲོ་སྐྱིད་སྦྱིན་ཞིང་། མ་དངུལ་སྒོར་ཁྲི་70.22བཏང་ནས་ཉིང་ཁྲི་གྲོང་ཁྱེར་གྱི་གཞིས་ལུས་བྱིས་པ་3དང་དཀའ་ངལ་གྱི་གནས་སུ་གྱར་བའི་བྱིས་པ་426ལ་བྱིས་པའི་འཕྲལ་སྡོམ་ཐག་གཅོད་དང་། རོགས་སྐྱོབ་རོགས་སྐྱོར། ལྟ་སྐྱོང་རྒྱབ་སྐྱོར་སོགས་ཀྱི་ཞབས་ཞུ་ཚུད་པའི་གཅེས་སྐྱོང་སྲུང་སྐྱོང་ཞབས་ཞུ་ཉོ་སྒྲུབ་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།