ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

​གཞིས་ཀ་རྩེ་གྲོང་ཁྱེར་གྱིས་ཚན་རིག་དང་མཐུན་ལ་ཕན་འབྲས་ཆེ་བའི་ངང་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ལ་སྐུལ་འདེད་བཏང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཏོག་དབྱིབས་ནད་དུག་གསར་པའི་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་སྤེལ་འགོ་ཚུགས་ཚུན། གཞིས་རྩེ་གྲོང་ཁྱེར་གྱིས་རིམས་འགོག་སྨན་ཁབ་རྒྱག་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ཏེ་རང་འགུལ་ངང་ལས་དོན་ཧུར་ཐག་སྤེལ་བ་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས། ཚན་རིག་དང་མཐུན་ལ་ཕན་འབྲས་ཆེ་བའི་ངང་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ལ་སྐུལ་འདེད་བཏང་ཡོད།

གྲོང་ཁྱེར་ཡོངས་ཀྱིས་ཏོག་དབྱིབས་ནད་དུག་གསར་པའི་རིམས་འགོག་སྨན་ཁབ་རྒྱག་པའི་གལ་ཆེའི་རང་བཞིན་དང་། བདེ་འཇགས་རང་བཞིན། ནུས་ལྡན་རང་བཞིན་བཅས་ཀྱི་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་ཅིང་། རིམ་རྩིས་བྱས་ན་འཕྲིན་ཐུང་ཁྲི་42.2བསྐུར་ནས་མང་ཚོགས་ལ་དུས་ཐོག་ཏུ་སྨན་ཁབ་རྒྱག་པ་དང་བརྒྱུད་རིམ་ཧྲིལ་པོའི་སྨན་ཁབ་མགྱོགས་མྱུར་རྒྱག་དགོས་པའི་དྲན་སྐུལ་བྱས་ཡོད། འཕྲེད་འགེལ་སྦྱར་ཡིག་འགེལ་བ་དང་། སྦྱར་ཡིག་སྦྱར་བ། རླུང་འཕྲིན་བརྙན་འཕྲིན། སྐད་འཕྲིན་སྤྱི་རྟགས་སོགས་ཀྱི་ལས་སྟེགས་བརྒྱུད་ཏོག་དབྱིབས་ནད་དུག་གསར་པའི་རིམས་འགོག་སྨན་ཁབ་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་ཏེ་མང་ཚོགས་ཀྱི་སྨན་ཁབ་རྒྱག་པའི་འདོད་མོས་ཆེ་རུ་ཧུར་ཐག་བཏང་ཡོད།

དེ་དང་ཆབས་ཅིག་གྲོང་ཁྱེར་ཡོངས་ཀྱི་རྫོང་དང་ཆུས་ཁག་གིས་ཁོངས་གཏོགས་ཁུལ་གྱི་རྒྱུན་སྡོད་མི་འབོར་དང་། ཕྱིར་གླ་པ་རྒྱུག་མཁན། ཕྱོགས་མི་བཅས་ཀྱི་ཆ་འཕྲིན་ཞིབ་བསྡུར་ནན་ཏན་བྱས་ནས་ལོ་ནའི་དབྱེ་མཚམས(ལོ་18མན་ཆད་དང་། ལོ་18ནས་59བར། ལོ་60ཡན་བཅས)དབྱེ་སྟེ་མི་རེ་རེ་བཞིན་རྩིས་ཁྲ་བཟོས་ནས་རིམས་འགོག་སྨན་ཁབ་རྒྱག་པའི་གཞི་གྲངས་གནད་སྨིན་ངང་ཁོང་དུ་ཆུད་པར་བྱས་ཡོད།

འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་གྲོང་ཁྱེར་ཡོངས་སུ་རིམས་འགོག་སྨན་ཁབ་རྒྱག་ས་176(གཏན་འཇགས་130དང་སྐོར་སྐྱོད་46)བཙུགས་ཏེ་ཉིན་ལྟར་སྨན་ཁབ་རྒྱག་གི་ཡོད། འགྲོ་སྐྱོད་སྟབས་བདེ་མེད་པའི་དམིགས་བསལ་གྱི་མི་ཚོགས་དང་ཞིང་འབྲོག་ཁུལ་གྱི་ཐག་རིང་ལུང་ཁུག་ས་ཁུལ་གྱི་མང་ཚོགས་ལ་དམིགས་ཏེ་སྒོ་རྩར་ཞབས་འདེགས་ཞུ་བ་སོགས་ཀྱི་བྱེད་ཐབས་སྤྱད་ནས་རིམས་འགོག་སྨན་ཁབ་རྒྱག་པའི“མཐའ་མའི་འགག་གནད”ཏན་ཏིག་བསལ་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།