ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི་ས་ཁུལ་གཉིས་རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁྲོམ་གཞུང་སྐོར་དང་པོའི་མིང་ཐོ་ནང་ཚུད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-01-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཡུལ་སྐོར་ལས་རིགས་ཀྱི《ཡུལ་སྐོར་སྤྲོ་གསེང་ཁྲོམ་གཞུང་གི་རིམ་དབྱེའི》ཚད་གཞི་དང་།《རིག་གནས་དང་ཡུལ་སྐོར་པུའུ་ཡི་གཞུང་དོན་ཐིང་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གཞུང་དོན་ཐིང་གི་རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁྲོམ་གཞུང་ངོས་འཛིན་ལས་དོན་སྤེལ་བའི་སྐོར་གྱི་བརྡ་སྦྱོར》ལྟར། ཟླ1པོའི་ཚེས10ཉིན། རིག་གནས་དང་ཡུལ་སྐོར་པུའུ་ཡི་གཞུང་ཕྱོགས་དྲ་ཚུགས་སུ《རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁྲོམ་གཞུང་གི་མིང་ཐོའི་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས་ཤིང་། རྒྱལ་ཡོངས་སུ་རྒྱལ་ཁབ་རིམ་པའི་ཡུལ་སྐོར་ཁྲོམ་གཞུང་སྐོར་དང་པོའི་མིང་ཐོའི་ནང་བསྡོམས་པས་ས་ཁུལ55ཚུད་པ་དང་། བོད་ལྗོངས་ལྷ་ས་གྲོང་ཁྱེར་ཚེ་མཆོག་གླིང་བོད་ཁྱིམ་ཡུལ་སྲོལ་གོམས་འདྲིས་ཁྲོམ་གཞུང་དང་ཆབ་མདོ་གྲོང་ཁྱེར་གྱི་ཇ་རྟའི་མཁར་ཁྲོམ་གཞུང་བདམས་ཐོན་བྱུང་བ་རེད།

ལྷ་ས་གྲོང་ཁྱེར་ཚེ་མཆོག་གླིང་བོད་ཁྱིམ་ཡུལ་སྲོལ་གོམས་འདྲིས་ཁྲོམ་གཞུང་ལ་དཔེ་བཞག་ན། རྒྱུས་ལོན་ལྟར་ན། ཚེ་མཆོག་གླིང་བོད་ཁྱིམ་ཡུལ་སྲོལ་གོམས་འདྲིས་ཁྲོམ་གཞུང་གི་རྣམ་གྲངས་དེ་རྒྱ་བཟའ་ཀོང་ཇོའི་ཟློས་གར་ཁང་དང་འབྲེལ་ཡོད་པ་དང་། ཕོ་བྲང་པོ་ཏ་ལའི་ཁ་གཏད་དུ་གནས་ཤིང་། དེ་རུ་སྤྲོ་གསེང་རོལ་རྩེད་བྱས་ཆོག་པ་མ་ཟད། ལྷ་ས་གྲོང་ཁྱེར་གྱི་ཡུལ་ལྗོངས་ཧྲིལ་པོར་ལྟ་སྐོར་ཡང་བྱས་ཆོག་པ་དང་། ཡུལ་སྐོར་བ་དང་གྲོང་མི་མི་ཉུང་བ་ཞིག་གིས་དེ་རུ་བོད་ཀྱི་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་མྱོང་རོལ་བྱེད་བཞིན་ཡོད། “བཟོ་བཀོད་དམ་ཡང་ན་ཚོང་ཁང་དུ་འཚོང་བའི་ཚོང་ཟོག་གང་ཡིན་རུང་ཚང་མས་བོད་ཀྱི་དམངས་སྲོལ་གོམས་གཤིས་ཟབ་མོ་མངོན་གྱིན་ཡོད། གཟའ་མཇུག་ལ་ཁོམ་པ་ཡོད་དུས་ཁྱིམ་མི་ཚོ་དང་མཉམ་དུ་འདི་གར་ལྟ་སྐོར་དུ་ཡོང་ནས་ལྷ་སའི་མཁར་གྲོང་གི་ཡུལ་ལྗོངས་ལ་མྱོང་རོལ་བྱས་པ་ཡིན། འདི་ནི་སྤྲོ་གསེང་རོལ་རྩེད་ལ་འཚམ་པའི་ས་ཆ་ཡག་པོ་ཞིག་རེད”ཅེས་གྲོང་མི་ཆོས་འཕེལ་གྱིས་བཤད།

རྒྱུས་ལོན་ལྟར་ན། ཡུལ་སྲོལ་གོམས་འདྲིས་ཁྲོམ་གཞུང་དེས་བོད་ལྗོངས་ཀྱི་སྲོལ་རྒྱུན་གྱི་འདུ་འཛོམས་བར་བར་མཐོངས་རྣམ་པ་སྤྱད་དེ་རིར་བརྟེན་ནས་བསྐྲུན་པ་དང་། སྲོལ་རྒྱུན་གྱི་བོད་ལུགས་བཟོ་བཀོད་ཀྱི་རྣམ་པ་དང་དེང་རབས་ཇུས་འགོད་མཉམ་འདྲེས་བྱས་ཏེ། ཕུན་སུམ་ཚོགས་པའི་སྒོ་རའི་བར་མཐོངས་ཤིག་ཆགས་ཡོད། ཡུལ་སྲོལ་གོམས་འདྲིས་ཁྲོམ་གཞུང་དེའི་ཚེ་མཆོག་གླིང་གྲོང་ཚོའི་བོད་ཀྱི་རིག་གནས་ཀྱི་ནང་དོན་ཟབ་མོ་ལ་བརྟེན་པ་དང་། རིག་གནས་ཡུལ་སྐོར་གཙོ་ཁྲིད་ཀྱི་ཐོན་ལས་སུ་བརྩིས་ཏེ། ཁྱིམ་ཚང་མགྲོན་ཁང་དང་འགྲུལ་ཁང་། བཟའ་བཏུང་སྤྲོ་གསེང་། འཁྲབ་སྟོན་རོལ་རྩེད། ལྟ་སྐོར་པར་རྒྱག དམངས་སྲོལ་རིག་གནས་འགྲེམས་སྟོན། མི་རིགས་བཟོ་རྩལ་ཐོན་སྐྱེད་དང་ཕྱིར་ཚོང་བཅས་གཞི་གཅིག་ཏུ་འདུས་པའི་རིག་གནས་ཡུལ་སྐོར་ཁྲོམ་གཞུང་བསྐྲུན་ཡོད་ལ། དེའི་ཡུལ་སྐོར་བའི་རྒྱུ་རྐྱེན་ཕུན་སུམ་ཚོགས་པ་དང་ཕྱོགས་ཚད་མང་པོའི་ཡུལ་སྐོར་ཉམས་ལེན་གྱི་དགོས་མཁོ་བསྐངས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།