ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལྷོ་ཁ་གྲོང་ཁྱེར་གྱིས་ཧོ་ཧྥེ་རུ་དགུན་དུས་ཡུལ་སྐོར་འོས་སྦྱོར་བྱས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། ལྷོ་ཁ་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་། ཨན་ཧུའེ་ཞིང་ཆེན་བོད་སྐྱོར་ཤིན་སྐྱོར་གཞུང་དོན་ཁང་། ཨན་ཧུའེ་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་། ཨན་ཧུའེ་ཞིང་ཆེན་བོད་སྐྱོར་ཁག་བདུན་པའི་ལས་དོན་རུ་ཁག་བཅས་ཀྱིས་གཙོ་གཉེར་བྱས་པའི“བོད་མིའི་འབྱུང་ཁུངས། གངས་ལྗོངས་ཀྱི་མཛེས་ལྗོངས”ཞེས་པའི་2021ལོའི་བོད་ལྗོངས་ཡར་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་གྱི་ཨན་ཧུའེ་ཡན་ལག་ཚོགས་རའི་བྱེད་སྒོ་སྟེ། ལྷོ་ཁ་གྲོང་ཁྱེར་གྱི་དགུན་དུས་ཡུལ་སྐོར(ཧོ་ཧྥེ)ཆེད་དོན་ཚོང་གཉེར་དང་ཁྱབ་གདལ་གྱི་བྱེད་སྒོ་ཧོ་ཧྥེ་གྲོང་ཁྱེར་དུ་གཉེར་བ་དང་། ཨན་ཧུའེ་ཡི་ཡུལ་སྐོར་ཚོང་པ་དང་རིག་གནས་ཡུལ་སྐོར་ལས་རིགས་གཉེར་མཁན་70ལྷག་ཙམ་གྱིས་མཉམ་དུ་ལྷོ་ཁའི་མཛེས་ལྗོངས་ལ་མྱོང་རོལ་བྱས་ནས་མཉམ་ལས་ཀྱི་མདུན་ལམ་གླེང་བ་རེད།

བྱེད་སྒོ་སྤེལ་ཡུལ་དུ་ལྷོ་ཁའི“3+1”རྩེར་སོན་ཡུལ་སྐོར་ལམ་ཐིག་འོས་སྦྱོར་བྱས་པ་སྟེ། “གངས་འཁྱགས་གནས་མཚོའི་ཉམས་ལེན་ཡུལ་སྐོར”དང་།“ཡར་ཀླུང་གཙང་པོའི་བོད་ཀྱི་རིག་གནས་འབྱུང་ཁུངས་ཀྱི་ཡུལ་སྐོར”“ཁྱིམ་ཚང་དང་རྒྱལ་ཁབ་ལ་དགའ་ཞེན། གསར་བརྗེའི་ཡུལ་སྐོར”“རྒྱལ་ཁབ་ཀྱི་ལམ་ཆེན་5219ཡི་བརྩེ་དུང་ཡུལ་སྐོར”བཅས་རྩེར་སོན་ཡུལ་སྐོར་ལམ་ཐིག་བཞི་འོས་སྦྱོར་བྱས་པ་རེད། ལྗོངས་ནང་ཁུལ་གྱི་ཡུལ་སྐོར་ཚོང་པའི་འཐུས་མི་མང་པོ་ཞིག་གིས་ལྷོ་ཁའི་ཡུལ་སྐོར་ཞབས་ཞུའི་ཐོན་རྫས་འོས་སྦྱོར་བྱས་པ་དང་། ལྷོ་ཁ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱིས་ལྷོ་ཁའི་ཡུལ་སྐོར(ཨན་ཧུའེ)ཚོང་གཉེར་དང་ཁྱབ་གདལ་མནའ་འབྲེལ་འཐུས་མིར་སྒོ་བྱང་སྤྲད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།