ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཆབ་མདོ་གྲོང་ཁྱེར་གྱི་གཙོ་གནད་རྣམ་གྲངས35གཅིག་སྡུད་ལས་མགོ་ཚུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱིས2022ལོའི་གཙོ་གནད་རྣམ་གྲངས་གཅིག་སྡུད་ལས་མགོ་ཚུགས་པའི་མཛད་སྒོ་བསྡུས་ཤིང་། གྲོང་ཁྱེར་ཡོངས་ཀྱི་སྤྱིའི་མ་འཇོག་སྒོར་དུང་ཕྱུར176ཟིན་པའི་གཙོ་གནད་རྣམ་གྲངས35གཅིག་སྡུད་ལས་མགོ་ཚུགས་པ་རེད།

གཙོ་གནད་རྣམ་གྲངས་གཅིག་སྡུད་ལས་མགོ་ཚུགས་རྗེས། ཆབ་མདོ་གྲོང་ཁྱེར་གྱིས“ཚོང་འགུགས་རྣམ་གྲངས་ཀྱིས་འཆར་འགོད་དམ་འཛིན་དང་། དུས་མགོའི་རྣམ་གྲངས་ཀྱི་ལས་མགོ་ཚུགས་པའི་ལས་དོན་དམ་འཛིན། སྐྲུན་བཞིན་པའི་རྣམ་གྲངས་ཀྱི་འཕེལ་རིམ་དམ་འཛིན། ལས་མཇུག་འགྲིལ་བའི་རྣམ་གྲངས་ཀྱི་གཉེར་སྐྱོང་ལས་དོན་དམ་འཛིན། གནད་དོན་ཡོད་པའི་རྣམ་གྲངས་ཀྱི་དག་ཐེར་དམ་འཛིན། གཉེར་སྐྱོང་བྱས་པའི་རྣམ་གྲངས་ཀྱི་ཕན་འབྲས་དམ་འཛིན”བྱེད་པ་བཅས་ཀྱི་བླང་བྱར་གཞིགས་ཏེ། ས་ཚིགས་དང་། ལམ་ཐིག ཕྱོགས་གསུམ་ལ་མཐུན་སྦྱོར་ཤུགས་སྣོན་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། རྣམ་གྲངས་འཛུགས་སྐྲུན་ལ་བརྟེན་ནས་དཔལ་འབྱོར་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་སྔར་བས་ལེགས་པོ་ཡོང་བ་བྱ་རྒྱུ་རེད།

རྒྱུས་ལོན་ལྟར་ན། 2022ལོར་ཆབ་མདོ་གྲོང་ཁྱེར་གྱིས་གཞི་རྩའི་འཛུགས་སྐྲུན་རྣམ་གྲངས97ལག་བསྟར་བྱ་རྩིས་ཡོད་པ་དང་། དེའི་ནང་ནུས་རྒྱུ་གཙང་མ་དང་ཞིང་ལས། ཆུ་བེད། སློབ་གསོ། འཕྲོད་བསྟེན། འགྲིམ་འགྲུལ། གྲོང་ཁྱེར་དོ་དམ་སོགས་ཁྱབ་ཁོངས་ཚུད་ཡོད་ཅིང་། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་སྒོར་དུང་ཕྱུར330.6གཏོང་བའི་འཆར་གཞི་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།