ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

མི་དམངས་ལྟེ་བར་བཟུང་ནས“དོན་ཆེན་བཞི”ཡག་པོ་སྒྲུབ་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-01-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས་མཐའ་མཚམས་ས་ཁུལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། མཐའ་མཚམས་རྫོང་ཚང་མར་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་གཅིག་གཏད་གཅིག་གི་གནས་གཏན་འཁེལ་གྱི་རོགས་སྐྱོར་བྱས་པ་དང་། མཐའ་མཚམས་ས་ཁུལ་གྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་624ཚང་མ་བསྐྲུན་ཟིན་པ་རེད།

གཏིང་སྐྱེས་རྫོང་ནི་གཞིས་རྩེ་གྲོང་ཁྱེར་ཁོངས་གཏོགས་ཀྱི་མཐའ་མཚམས་རྫོང་གི་གྲས་ཤིག་ཡིན་ཞིང་། མཐའ་མཚམས་ལམ་ཐིག་དེའི་ཐོག་ཤར་པ་མང་ཚོགས་2500ལྷག་ཙམ་འཚོ་བ་སྐྱེལ་བཞིན་ཡོད། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་བསྡོམས་རྩིས་ཅུས་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་ལྷག་པ་དོན་གྲུབ་ཀྱིས།“དམངས་འཚོའི་གནད་དོན་ནི་མི་དམངས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འཚོ་བའི་དོན་དངོས་དང་འབྲེལ་བ་ཡོད་པས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། ‘བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས’བཅས་ཀྱི་དོན་ཆེན་བཞིར་སྐུལ་འདེད་གཏོང་དགོས། རྒྱུན་མཐུད་ངང་དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱ་རྒྱུ་ལྟེ་བར་བཟུང་ནས་སློབ་གསོ་དང་། སྨན་བཅོས། ཁོར་ཡུག སྡོད་ཁང་། ལས་ཞུགས་སོགས་ཁྱབ་ཁོངས་མང་པོར་སྔར་བས་ཕྱོགས་བསྡུས་ཤུགས་འདོན་གྱིས་མཐའ་མཚམས་མང་ཚོགས་ཚོས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་འཚོ་བའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས”ཞེས་གསུངས་པ་རེད།

2021ལོར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མང་ཚོགས་ཚོས་ཡོངས་ཁྱབ་ངང་དོ་ཁུར་བྱེད་པའི་དམངས་འཚོའི་གནད་དོན་ལ་དམིགས་ནས། ལས་ཞུགས་དང་། སློབ་གསོ། སྤྱི་ཚོགས་འགན་སྲུང་། སྡོད་ཁང་། སྨན་བཅོས། རྒན་གསོ། བུ་བཅོལ་སོགས་དམངས་འཚོའི་དོན་དངོས་ཐད་ཤུགས་བརྒྱབ་པ་དང་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་པས། ལྗོངས་ཡོངས་ཀྱི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་ཡོད།

ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་མཚོ་མགོ་ཤང་བྱེ་པ་གྲོང་ཚོར་སྐྱེ་ཁམས་ཡུལ་སྐོར་ལས་ས་གནས་དེ་གའི་མང་ཚོགས་ལས་ཞུགས་འབབ་འཕར་ཡོང་བར་སྐུལ་ཁྲིད་ཐུབ་པ་མ་ཟད། གྲོང་ཚོ་ཡོངས་ཀྱི་དཔལ་འབྱོར་ལའང་གསོན་ཤུགས་གསར་པ་བསྣན་ཡོད། ཡུལ་སྐོར་སྣེ་ལེན་ལྟེ་གནས་དང་། སྤྲོ་གསེང་རི་གྲོང་། བེ་ཤ་ལས་སྣོན་བཟོ་གྲྭ སྐྱེ་ཁམས་གསོ་ཚགས་རྟེན་གཞི་སོགས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ཆེར་བཏང་བས་གྲོང་མིའི་འབབ་འཕར་གྱི་ཐབས་ལམ་ཇེ་ཡངས་སུ་སོང་ཡོད།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་ཨའོ་ལིའུ་ཆོན་གྱིས། ཉིང་ཁྲི་གྲོང་ཁྱེར་གྱིས“དོན་ཆེན་བཞིར”དམ་འཛིན་ཡག་པོ་བྱེད་པ་དང་། “འགན་ལེན་བཞི”མངོན་འགྱུར་བྱ་རྒྱུ་གཙོ་གནད་དུ་བཟུང་བ། ཉིང་ཁྲི་འདི་ཉིད་ལྗོངས་ཡོངས་ཀྱི་སྒྱུར་བཅོས་སྒོ་དབྱེའི་སྔོན་སྐྱོད་ཁུལ་ཞིག་ཏུ་འཛུགས་སྐྲུན་བྱ་རྒྱུ་སྣེ་ཁྲིད་དུ་བྱེད་པ། ལྗོངས་ཡོངས་སུ“འཛུགས་གཏོད་བཞིར”ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང“མདུན་གྲལ་དུ་སླེབས་པ་བཞི”ཧུར་ཐག་ཐུབ་པ་བྱེད་རྒྱུ་དམིགས་ཚད་དུ་བཟུང་བ་བཅས་བྱས་ནས། རང་སྐྱོང་ལྗོངས་ཀྱིས་ལྷ་ས་དང་ཉིང་ཁྲི་ལྟེ་བ་གཉིས་སུ་བསྐྲུན་པའི་གོ་སྐབས་བཟང་པོར་དམ་འཛིན་གྱིས་རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་ཉིང་ཁྲིར་དོན་འཁྱོལ་བྱས་ཏེ་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས།

ཉེ་བའི་ལོ་ཤས་རིང་། བོད་ཀྱིས་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྱོང་གི་འདུ་འགོད་རབ་དང་རིམ་པ་ལག་ལེན་བསྟར་ཞིང་། བོད་ཀྱི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་དང་སྐྱེ་ཁམས་ཁོར་ཡུག་བཟང་པོ་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་སུ་གྱུར་ནས་མི་སེར་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་བཏང་ཡོད།

རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་ནག་ཆུ་གྲོང་ཁྱེར་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་ཏང་ཙུའི་ཁོངས་མི་དང་ཅུས་ཀྲང་གཞོན་པ་ལྷག་དོན་གྱིས། ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་དང་སྲུང་སྐྱོང་དང་སྐྱས་སྤོས་རྩྭ་གསོ་སོགས་གཙོ་གནད་སྐྱེ་ཁམས་འདུ་འགོད་འདེགས་སྐྱོར་དུ་བྱས་ནས། སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བས་གྲོང་ཁྱེར་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་ནུས་ལྡན་ཕྱིན་ཡོད་ཅེས་གསུངས།

ད་ཆ་མི་རྣམས་ཡར་ཀླུང་གཙང་པོའི་ངོགས་ཀྱི་གཞུང་ལམ་བརྒྱུད་དེ་ལྷོ་ཁ་གྲོང་ཁྱེར་དུ་སྐྱོད་སྐབས། སྔོ་ལྗང་གི་ལྗོན་ཤིང་དང་། དྭངས་ཤིང་གཙང་བའི་ཆུ་མོ། གཡའ་དག་པའི་ནམ་མཁའ་བཅས་མིག་ལམ་དུ་མངོན་གྱི་ཡོད། སྔོན་ཆད་དེ་གར་ནི་བོད་དུ་སྐད་གྲགས་ཆོད་པའི་བྱེ་ཐང་ཁུལ་ཞིག་ཡིན་པ་སུ་ཞིག་གི་བསམ་བློར་ཡང་འཁོར་མི་སྲིད། “ད་ཆ་སྐྱེ་ཁམས་ཁོར་ཡུག་ཧྲིལ་པོར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། ཐལ་རྡུལ་གྱི་གནམ་གཤིས་ལོ་རེ་བཞིན་ཉུང་དུ་ཕྱིན་ནས་མི་རྣམས་ཀྱི་བདེ་སྐྱིད་ཚོར་སྣང་ཟམ་མི་ཆད་པར་ཆེ་རུ་འགྲོ་བཞིན་ཡོད”ཅེས་ལྷོ་ཁ་གྲོང་ཁྱེར་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་བསམ་བསྟན་ནོར་བུས་གསུངས།

2021ལོར“བསྐྱར་དར་རྟགས་ཅན”གྱི་མེ་འཁོར་གངས་ལྗོངས་ས་མཐོར་ཐོག་མར་གཏོང་སྐབས། ས་མཐོའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་མཐེ་བོང་བསྒྲེངས་ནས་ལོ་རྒྱུས་ཀྱི་དུས་བཟང་དེར་བསྔགས་བརྗོད་མི་བྱེད་མཁན་གཅིག་ཀྱང་མེད་པ་རེད།

“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་འཐབ་ཇུས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ས་མཐོའི་ཁྱད་ལྡན་ཞིང་ལས་དང་ཡུལ་སྐོར་ལས་རིགས་སོགས་ལེགས་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་བོད་ལྗོངས་མི་རིགས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་དང་སློབ་སྤྱི་གཞོན་པ་ལིའུ་ཁའེ་ཡིས། ཁུལ་སྦྲེལ་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་མགྱོགས་མྱུར་བསྐྲུན་པ་དང་དམངས་འཚོ་ནུས་ཤུགས་ཡོད་རྒུས་འགན་ལེན་དང་ལེགས་སུ་བཏང་སྟེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་གསུངས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།