ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི94.55%ཡི་ཤང་གྲོང་དང77.94%ཡི་སྲིད་འཛིན་གྲོང་ཚོར་ཨར་འདམ་ལམ་ཤར་གཏོང་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-01-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

པར་འདི་ནི་བོད་ལྗོངས་ལྷོ་ཁ་ནས་ཡུལ་སྨད་ཤང་དུ་བསྐྱོད་པའི་གཞུང་ལམ་གྱི་རྣམ་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས6ཉིན་བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ངོ་སྤྲོད་བྱས་པ་ལྟར་ན། 2021ལོར་བོད་ལྗོངས་ཀྱི་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་ཐད་ལོ་འཁོར་དམིགས་ཚད་ཀྱི120.26%ལེགས་འགྲུབ་བྱུང་ཡོད་པ་དང་། ཤང་གྲོང5དང་སྲིད་འཛིན་གྲོང་ཚོ67ལ་ཨར་འདམ་ལམ་ཤར་གཏོང་ཐུབ་པ། ལྗོངས་ཡོངས་ཀྱི་ཤང་གྲོང94.55%དང77.94%ཡི་སྲིད་འཛིན་གྲོང་ཚོར་ཨར་འདམ་ལམ་ཤར་གཏོང་ཐུབ་ཡོད། གཞན་ཡང་། ལོ་ཧྲིལ་བོར་ཤང་དང་གྲོང་རྡལ23དང་སྒྲིག་གཞི་ཚང་བའི་གྲོང་ཚོ175ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་བྱས་ཡོད།

ཟླ1པོའི་ཚེས3ཉིན་ནས་ཚེས7ཉིན་བར། བོད་རང་སྐྱོང་ལྗོངས་ཀྱི་ས་གནས་ཚོགས་འདུ་གཉིས་ལྷ་སར་འཚོགས་ཤིང་། དེའི་རིང་ཁྱབ་བསྒྲགས་བྱས་པའི་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་། 2022ལོར་བོད་ལྗོངས་ཀྱིས་མཚོ་བོད་མྱུར་བགྲོད་ཚོད་ལྟའི་ལམ་དུམ་དང་རྒྱལ་ལམ318ལམ་རྒྱུད་ཀྱི་སྤུས་ཚད་མཐོར་འདེགས་སོགས་རྣམ་གྲངས་གལ་ཆེན་རབ་དང་རིམ་པར་སྐུལ་འདེད་གཏོང་རྒྱུ་བསྟན་ཡོད།

༢.jpg

པར་འདི་ནི་བོད་ལྗོངས་ཉིང་ཁྲིའི་མེ་ཏོག་རྫོང་གི་ཡར་ཀླུང་གཙང་པོའི་གཞོགས་གཅིག་ཏུ་ཡོད་པའི་མེ་ཏོག་རྫོང་གི་གཞུང་ལམ་གྱི་རྣམ་པ་རེད།

བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ངོ་སྤྲོད་བྱས་པ་ལྟར་ན། 2021ལོར་བོད་ལྗོངས་ཀྱིG4218ལྷ་ས་ནས་གཞིས་ཀ་རྩེའི་གནམ་གྲུ་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཚོད་འཛིན་རང་བཞིན་གྱི་ལས་གཞི་དང་། G6ཅིང་བོད་མྱུར་བགྲོད་གཞུང་ལམ་ནག་ཆུ་ནས་ལྷ་སའི་མཚམས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། བོད་ལྗོངས་ཀྱི་མཐོ་རིམ་གཞུང་ལམ་ཤར་གཏོང་ཐུབ་ཚད་སྤྱི་ལེ1105སླེབས་ཡོད།

༣.jpg

པར་འདི་ནིG6ཅིང་བོད་མྱུར་བགྲོད་གཞུང་ལམ་བོད་ལྗོངས་ནག་ཆུ་ནས་ལྷ་སའི་མཚམས་དང་མཚོ་བོད་ལྕགས་ལམ་གྱི་འབྲེལ་མཚམས་ཡིན་པ་དང་། པར་རིས་ཀྱི་གཡོན་ངོས་ནི་མཚོ་བོད་གཞུང་ལམ་རེད།

བོད་ལྗོངས་ཀྱིས2025ལོར་སླེབས་སྐབས་དེང་རབས་ཅན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་གཞི་རྩའི་ཆ་ནས་བསྐྲུན་རྒྱུ་དང་། ལྗོངས(ཞིང་ཆེན)གྱི་བྱ་ཐབས་མང་པོ་དང་ལམ་ཐིག་མང་པོ་འབྲེལ་མཐུད་བྱ་རྒྱུ། ལྷ་ས་དང་གྲོང་ཁྱེར(ས་ཁུལ)ཁག་དབར་མགྱོགས་མྱུར་དྲ་སྦྲེལ་བྱ་རྒྱུ། གྲོང་ཁྱེར(ས་ཁུལ)ཁག་ཏུ་རྫོང་མཁར་དང་གྲོང་གསེབ། མཐའ་མཚམས་ས་ཁུལ་དུ་སྟབས་བདེའི་ངང་བསྐྱོད་པར་འགན་ལེན་ནུས་ལྡན་ཐུབ་པའི་འགྲིམ་འགྲུལ་དྲ་རྒྱ་ཞིག་ཆགས་རྒྱུ་བཅས་ཀྱི་འཆར་གཞི་ཡོད།

༤.jpg

པར་འདི་ནི་བོད་ལྗོངས་ལྷ་ཉིང་མཐོ་རིམ་གཞུང་ལམ་འགྲམ་རྒྱུད་ཀྱི་མཛེས་ལྗོངས་རེད།

བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐིང་ཀྲང་ཞུས་ཝུན་ཆིང་གིས“ལོ་ལྔའི་འཆར་གཞི་བཅུ་བཞིའི”རིང་། ལྗོངས་ཡོངས་ཀྱིས་བོད་ལྗོངས་ནས་ཕར་འགྲོ་ཚུར་འོང་བྱེད་པའི་བགྲོད་ལམ་ཆེན་པོའི་འཛུགས་སྐྲུན་ཐད་ཚད་བརྒལ་ཡོང་བ་བྱས་ཏེ། ལྷག་མའི་ཤང་དང་གྲོང་རྡལ་དང་། སྒྲིག་གཞི་ཚང་བའི་གྲོང་ཚོ། མཐའ་མཚམས་ཀྱི་རང་བྱུང་གྲོང་ཚོ་བཅས་ལ་ཨར་འདམ་ལམ་ཤར་གཏོང་ཐུབ་པར་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་དང་། 2025ལོར་སླེབས་སྐབས100%ཡི་ཤང་དང་གྲོང་རྡལ་དང་སྒྲིག་གཞི་ཚང་བའི་གྲོང་ཚོ90%ཡན་ལ་ཨར་འདམ་ལམ་ཤར་གཏོང་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས།   །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།