ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ72.19ལ་སླེབས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-01-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས5ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་བའི་ཐོག་ཤེས་གསལ་ལྟར་ན། 2021ལོར་བོད་ལྗོངས་ཀྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ72.19ལ་སླེབས་ཡོད་ཅིང་། དེ2020ལོ་དང་བསྡུར་ན་ལོ1.09ཇེ་མཐོར་ཕྱིན་ཏེ་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་བཏོད་ཡོད། 

བོད་ལྗོངས་ཞི་བའི་བཅིངས་འགྲོལ་བཏང་རྗེས་ཀྱི་དུས་མགོར། བོད་ལྗོངས་ཀྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ35.5ལས་མེད་པ་དང་སྨན་བཅོས་འཕྲོད་བསྟེན་གྱི་ལས་སྒྲུབ་མི་སྣ་མི་བརྒྱ་ཡང་ཟིན་མེད། རྒྱ་ཆེའི་མང་ཚོགས་ལ་ཡོངས་ཁྱབ་ཏུ་སྨན་པ་དང་སྨན་རྫས་དཀོན་པ་དང་། དུས་དང་རྣམ་པ་ཀུན་ཏུ་འགོས་ནད་དང་ཡུལ་ནད་ཀྱི་འཇིགས་སྐུལ་ལ་འཕྲད་བཞིན་ཡོད། 

དེང་སྐབས། ལྗོངས་ཡོངས་སུ་རིམ་པ་གསུམ་པ་ཡན་གྱི་སྨན་ཁང14ཟིན་པ་དང་། སྦྲུམ་མ་དང་ཕྲུ་གུ་དམར་འབྱར་ཤི་ཚད་སོ་སོར་མི་ཁྲི10ནང48དང7.6‰ལ་ཆག་ནས། “ནད་ཆེན”400ལྷག་རང་སྐྱོང་ལྗོངས་ནང་ཁུལ་དུ་སྐྱོབ་བཅོས་ཐུབ་པ་དང་། “ནད་རིགས་འབྲིང་རིམ”2000ལྷག་ས་ཁུལ་དང་གྲོང་ཁྱེར་ནས་སྨན་བཅོས་བྱེད་པའི་དམིགས་ཚད་མངོན་འགྱུར་བྱུང་ཡོད་ལ། ཐུམ་འབུའི་ནད་དང་གྲུམ་བུ་ཚིགས་ཆེན་ནད་སོགས་ཡུལ་ནད་ལ་ལོ་རྒྱུས་རང་བཞིན་གྱི་གཙང་སེལ་དང་འགོག་བཅོས་ཐུབ་ཡོད། ། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།