ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

འཐུས་མི་བཀྲ་ཤིས་སྟོབས་རྒྱལ་གྱིས་མི་དམངས་ཀྱིས་ང་རང་འཐུས་མིར་བདམས། ངས་འཐུས་མི་བྱས་ནས་དམངས་དོན་སྒྲུབ་རྒྱུ་ཡིན་ཞེས་གསུངས།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

“མི་དམངས་ཀྱིས་ང་རང་འཐུས་མིར་བདམས། ངས་འཐུས་མི་བྱས་ནས་དམངས་དོན་སྒྲུབ། འདི་ནི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡོངས་ཀྱི་དོར་ཐབས་མེད་པའི་འགན་འཁྲི་དང་འགན་འཁྲི་འཁུར་སེམས་ཤིག་རེད” བཀྲ་ཤིས་སྟོབས་རྒྱལ་2012ལོར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་ཚུན། ཐབས་ཇུས་དང་། ལྟ་སྐུལ་སྐུལ་འདེད། སྦྲེལ་ཟམ་དང་སྒྲོག་ཐག དཔེ་སྟོན་སྣེ་ཁྲིད་བཅས་ལ་ཞུགས་པའི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཡོད། ལས་འགན་སྒྲུབ་རིང་ཁོང་གིས་སྔ་རྗེས་སུ་གྲོས་གཞི་བཞི་བཅུ་ལྷག་ཙམ་ཕུལ་བར་ཐག་གཅོད་དང་ལན་འདེབས་ཡག་པོ་བྱུང་ཡོད་པ་རེད།

འདི་ལོའི་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ལ་བཀྲ་ཤིས་སྟོབས་རྒྱལ་གྱིས། “བོད་ལུགས་གསོ་རིག་ཚད་ལྡན་ཅན་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་བོད་ལུགས་གསོ་རིག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གྲོས་འགོའི”གྲོས་གཞི་ཕུལ་ཡོད། བཀྲ་ཤིས་སྟོབས་རྒྱལ་གྱིས།“མིག་སྔར་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྨན་བཅོས་ཤེས་ལྡན་པ་གསོ་སྐྱོང་ནས་ནད་ཐོག་སྨན་བཅོས་དང་ཞབས་ཞུའི་ནུས་པ་མཐོར་གཏོང་བར་དང་། ཚན་རིག་ཞིབ་འཇུག་འཚོལ་ཞིབ་ནས་ཐོན་ལས་ཅན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བར་བཀོད་སྒྲིག་བྱས་ནས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པའི་བོད་ལུགས་གསོ་རིག་གི་བྱ་གཞག་ལ་གསོན་ཤུགས་དང་སྐྱེ་སྟོབས་གསར་པ་བསྣན་ཡོད། ང་ཚོས་བོད་ལུགས་གསོ་རིག་གི་བྱ་གཞག་འཕེལ་རྒྱས་ལ་བཅའ་ཁྲིམས་དང་སྲིད་ཇུས་ཀྱི་འགན་ལེན་དངོས་སུ་ཐོབ་པ་བྱེད་པ་དང་། བོད་ལུགས་གསོ་རིག་གི་ཕ་ཡུལ་ནས་གསོན་ཤུགས་ཆེན་པོ་རྒྱས་ཐུབ་པ། ལུས་གསོ་འཕྲོད་སྦྱོར་དང་། རིམས་ནད་སྔོན་འགོག ནད་ཐོག་སྨན་བཅོས་ཞབས་ཞུ་བཅས་ཐད་ཀྱི་བོད་ལུགས་གསོ་རིག་གི་ཆུ་ཚད་མཐོ་རུ་བཏང་སྟེ་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་དཀར་ཆག་རྒྱུན་ཆད་མེད་པར་སྟོབས་ཆེར་གཏོང་རྒྱུར་འདེགས་སྐྱོར་བྱེད་པ། བོད་ལུགས་གསོ་རིག་གི་སྨན་བཅོས་ཞབས་ཞུའི་དྲ་ཚིགས་འཐུས་སྒོ་ཚང་དུ་བཏང་སྟེ་གཞི་རིམ་མང་ཚོགས་ཀྱིས་ས་ཆ་དེ་རང་ནས་དོ་སྙོམས་ཅན་གྱི་བོད་ལུགས་གསོ་རིག་གི་ཁྱད་ལྡན་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས”ཞེས་གསུངས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།