ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི“བྱང་སྒོ་ཆེན་པོ”བྲག་སྨུག་གྲོང་རྡལ་ལ་གློག་དྲ་གཙོ་བོ་ཤར་གཏོང་ཐུབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

པར་འདི་ནི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་བྲག་སྨུག་གྲོང་རྡལ་དུ་གློག་དྲ་གཙོ་བོ་ཤར་གཏོང་བྱེད་བཞིན་པའི་རྣམ་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས3ཉིན། བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་བྲག་སྨུག་གྲོང་རྡལ་གྱི་ཆན་ཧྥུའུ35ཡི་གློག་སྒྱུར་ལས་གཞིའི་རྫམ་གློག་སྒྱུར་ས་ཚིགས་སུ་ཆུ་ཚོད24རིང་ཚོད་ལྟའི་འཁོར་སྐྱོད་བྱས་པ་དང་བསྟུན། བྲག་སྨུག་གྲོང་རྡལ་གྱི་གྲོང་ཚོ8དང་དུད་ཚང787གྱི་རོང་འབྲོག་མང་ཚོགས4000ལྷག་གིས་གློག་དྲ་གཙོ་བོ་བཀོལ་བ་དང་། བོད་ལྗོངས་ཀྱི“བྱང་སྒོ་ཆེན་པོའི”གློག་བརྟན་པོ་མིན་པའི་ལོ་རྒྱུས་མཇུག་སྒྲིལ།

བྲག་སྨུག་གྲོང་རྡལ་ནི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་གི་བྱང་རྒྱུད་དུ་གནས་པ་དང་ཨ་མདོ་རྫོང་མཁར་དང་བར་ཐག་སྤྱི་ལེ185ཡོད། བྲག་སྨུག་གྲོང་རྡལ་དང་དེའི་ཉེ་འཁོར་ཤང་གིས་སྔར་ཡོད་ཀྱི་ཆན་ཧྥུའུ315ཡི་འོད་ཤུགས་གློག་ཁང་དང་ཁྲའེ་ཡིའུ་གློག་འདོན་འཕྲུལ་འཁོར་ལ་བརྟེན་ནས་རྒྱུན་ལྡན་གྱི་ཆེས་གཞི་རྩའི་འཚོ་བའི་གློག་སྤྱོད་དགོས་མཁོ་ཙམ་ཐག་གཅོད་བྱས་ཡོད།

༢.jpg

པར་འདི་ནི་ས་བབ་མཐོ་ཚད་སྨི4700ལྷག་ཡོད་པའི་བྲག་སྨུག་གྲོང་རྡལ་གྱི་རྣམ་པ་རེད།

རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་བྲག་སྨུག་གྲོང་རྡལ་གྱི་ཆན་ཧྥུའུ35ཡི་གློག་སྒྱུར་ལས་གཞི་དེ་བྲག་སྨུག་གྲོང་རྡལ་གྱི་ཆན་ཧྥུའུ35ཡི་ལྕགས་ལམ་གློག་སྒྱུར་ས་ཚིགས་ནས་མགོ་བཙུགས་ཏེ། མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་བརྒྱུད་དེ་ཕུ་ཆུ་གཙང་པོ་བརྒལ་བ་དང་མཇུག་ཏུ་གསར་སྐྲུན་བྱས་པའི་ཆན་ཧྥུའུ35ཡི་རྫམ་གློག་སྒྱུར་ས་ཚིགས་སུ་མཐུད་ཡོད་ཅེས་བཤད།

ལས་གཞིའི་ཨར་སྐྲུན་ཐད་ལས་ཡུན་ཐུང་བ་དང་། སྒྲིག་ཆས་སྐྱེལ་འདྲེན་གྱི་ལམ་ཐག་རིང་བ། གངས་ཆར་གྱི་གནམ་གཤིས། གྲང་ངར་ཆེ་བ་དང་གསོ་རླུང་དཀོན་པ་སོགས་ཀྱི་དཀའ་ངལ་ལ་འཕྲད་ཡོད་ཅིང་། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་བྲག་སྨུག་གྲོང་རྡལ་གྱི་རོང་འབྲོག་པའི་གློག་སྤྱོད་གནད་དོན་ཐག་གཅོད་བྱ་རྒྱུ་གཙོ་གནད་ལས་དོན་ལ་བརྩིས་ཏེ། སྒྲིག་འཛུགས་ཞིབ་ཚགས་དང་ནུས་ཤུགས་ཡོད་རྒུས་ལས་གཞིའི་སྤུས་ཚད་དང་ཕན་འབྲས་འགན་ལེན་བྱས།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།