ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

སྐྱེ་ཁམས་མིག་འབྲས་བཞིན་དུ་སྲུང་། ཞི་མཐུན་མཉམ་གནས་འཚོ་བ་སྐྱིད།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

00f668bb-c399-452e-afc7-553552e46f5d.jpg

མཐའ་ཡས་རྩྭ་ཐང་དུ་ཅི་དགར་རོལ་བཞིན་པའི་ནོར་ལུག

758bf298-2e83-4762-afa3-a468264b8f5b.jpg

ལང་ལོང་དུ་རྒྱུག་བཞིན་པའི་འབྲི་ཆུ།

24a14ce4-b306-4f8f-8f7e-d9efbb936e3b.jpg

སྔོ་ལྗང་གོས་ཀྱི་བཀླུབས་པའི་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་ཁྲི་ཁང་གྲོང་ཚོ།

58085d92-3aaa-4090-a450-245af98f1100.jpg

ལྷོ་ཁ་གྲོང་ཁྱེར་ཡར་ཀླུང་གཙང་པོའི་རྒྱུད་ཀྱི་ལྟ་ན་སྡུག་པའི་སྟོན་གྱི་མཛེས་ལྗོངས།

ae3a710f-25df-4a35-9bdb-7bc6de45119a.jpg

ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་མཁར་རྩེ་ཤང་གི་སྟོན་ཉམས།

རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་སྔར་བྱུང་མྱོང་མེད་པའི་མཐོང་ཆེན་བྱེད་ཚད་དང་། མ་དངུལ་གཏོང་ཤུགས། ལས་དོན་སྒྲུབ་ཤུགས། དམངས་ལ་ཕན་པ་ཐོབ་ཚད་བཅས་ཀྱི་ཐོག་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པས། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་བཟང་པོ་རྒྱུན་མཐུད་ཡོང་བའི་འགན་ལེན་ནུས་ལྡན་ཐུབ་ཡོད།

“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཉིན་བཞིན་བརྟན་དུ་གཏོང་བ་དང་། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་གོམ་སྟབས་མགྱོགས་སུ་གཏོང་བ། རླུང་ཁམས་ཆེ་མོ་དང་། ཆུ། ས་རྒྱུ་བཅས་ཀྱི་སྦགས་བཙོག་འགོག་བཅོས་ཀྱི་བྱ་སྤྱོད་ཤུགས་ཆེན་སྤེལ་བ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་པ། ཕྱོགས་ཡོངས་ནས་ཆུ་དཔོན་དང་མཚོ་དཔོན་གྱི་ལམ་ལུགས་ལག་ལེན་བསྟར་བ། རི་བོ་དང་། ཆུ་བོ། ནགས་ཚལ། ས་ཞིང་། མཚོ། རྩྭ་ཐང་། བྱེ་ཐང་བཅས་ཀྱི་མ་ལག་ལ་སྤྱི་འདོམས་བཅོས་སྐྱོང་བྱེད་པ། “གྲོང་ཚོ་ཚང་མར་སྐྱེ་ཤིང་ཡོད་པ”དང་། “དུད་ཚང་ཚང་མར་སྐྱེ་ཤིང་ཡོད་པ” དེ་བཞིན་ལྷ་སར“སྔོ་ཁེབས་ཀྱིས་ཁྱབ་པ”དང་། ཆུ་ལག་སྒྱུར་བཀོད་ཀྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་བཅས་གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་འདུ་འགོད་ལག་ལེན་གཏིང་ཟབ་བསྟར་ཞིང་། ལོ་ལྔ་ཡི་རིང་། རིམ་རྩིས་བྱས་ན་ནགས་བཟོ་མུའུ་ཁྲི་596བྱས་པ་དེ“ལོ་ལྔ་ཚན་བཅུ་གཉིས་པ”ལས་15.5%འཕར་ནས་ནགས་ཚལ་ཁེབས་ཚད་12.14%ཟིན་པ་དང་། རྩྭ་རར་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཁྱོན་46.7%ཟིན་ནས། བོད་འདི་ཉིད་སྔར་བཞིན་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཏུ་གྱུར་ཡོད།

བོད་ཀྱིས་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་འགོག་སྲུང་ནགས་ཚལ་མ་ལག་དང་། རྨོ་བསྐྱུར་ནགས་བཟོ། བྱེ་འགོག་བྱེ་བཅོས་སོགས་ཀྱི་གཙོ་གནད་ལས་གྲྭ་ལག་ལེན་བསྟར་ནས་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། ནགས་བཟོ་མུའུ་ཁྲི་596.48བྱས་ནས་ལྷ་ས་སྐྱིད་ཆུ་དང་ཡར་ཀླུང་གཙང་པོའི་དབུས་རྒྱུད་སོགས་ས་ཁུལ་གྱི་འགོག་སྲུང་ནགས་ཚལ་མ་ལག་གི་གཞི་ཁྱོན་རགས་ཙམ་ཆགས་པ་དང་། རྒྱལ་ཁབ་ཀྱི་བྱེ་འགྱུར་ས་ཞིང་བཀག་སྡོམ་སྲུང་སྐྱོང་ཁུལ་གསུམ་བཙུགས་པར་རྒྱ་ཁྱོན་མུའུ་ཁྲི་45ཟིན་ཡོད། “སྐྱེ་ཤིང་མེད་པའི་གྲོང་ཚོ”དང“སྐྱེ་ཤིང་མེད་པའི་དུད་ཚང”ཚང་མར་ཕྱོགས་ཡོངས་ནས་སྐྱེ་ཤིང་ཡོད་པ་དང་། ཕྱུགས་བསྐྱུར་རྩྭ་གསོ་མུའུ་ཁྲི་4020 རྨོ་བསྐྱུར་རྩྭ་བཟོ་མུའུ་ཁྲི་15.01 རྩྭ་ར་ཉམས་ཞན་སླར་གསོ་བཅོས་སྒྲིག་མུའུ་ཁྲི་35.37 ཨ་བྲ་དང་། གནོད་འབུ། རྩྭ་ངན་བཅས་ཀྱི་གནོད་འཚེ་ཕོག་པའི་ས་ཞིང་མུའུ་ཁྲི་2200བཅོས་སྒྲིག་བཅས་བྱས་པ་རེད།

“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ལྗོངས་ཡོངས་ཀྱི་རང་བྱུང་ནགས་ཚལ(སྡོང་རིང་ནགས་ཚལ)མུའུ་ཁྲི་7583.68ལ་བདག་སྐྱོང་ནུས་ལྡན་ཐུབ་ཅིང་། རང་བྱུང་སྲུང་སྐྱོང་ཁུལ་གཙོ་བོར་བྱས་པའི་རྒྱལ་ཁབ་ཀྱི་འདམ་རའི་སྤྱི་གླིང་དང་རྒྱལ་ཁབ་ཀྱི་ནགས་ཚལ་སྤྱི་གླིང་སོགས་རིགས་སྣ་ཚོགས་ཀྱི་རང་བྱུང་ཐོན་ཁུངས་སྲུང་སྐྱོང་མ་ལག་རིམ་གྱིས་ཆགས་ནས། ལྗོངས་ཡོངས་ཀྱི་རྩ་ཆེ་ལ་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་80%ཡན་དང་དཔེ་མཚོན་ཅན་གྱི་སྐྱེ་ཁམས་མ་ལག་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད།

བསྡོམས་རྩིས་བརྒྱབ་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རང་ལྗོངས་ཀྱིས་མི་ཐེངས་ཁྲི་122.34ལ་ནགས་ལས་སྐྱེ་ཁམས་ཁ་གསབ་ཀྱི་ལས་གནས་བཀོད་སྒྲིག་བྱས་ཏེ་ཞིང་འབྲོག་པར་ཡོང་འབབ་སྒོར་དུང་ཕྱུར་40ཙམ་མང་དུ་བཏང་ཡོད།

ལོ་མང་རིང་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་གཏོད་ཀྱི་ལས་དོན་བསྒྲུབས་པས། བོད་ཀྱི་ཞིང་འབྲོག་ཁུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལ་ཕན་འབྲས་རགས་ཙམ་ཐོན་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་མངོན་གསལ་དོད་པོས་ཆེ་རུ་སོང་བ། སྤྱི་ཚོགས་ལས་རིགས་ཁག་ཏུ་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་རིམ་གྱིས་ཆགས་པ་བཅས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་པ་བྱུང་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།