ཀྲུང་གོ་བོད་ཀྱི་དྲ་བ།

སི་ཁྲོན་གྱིས2025ལོའི་ལོ་གསར་དུས་ཆེན་གྱི་གུང་གསེང་རིང་ཡུལ་སྐོར་བ་མི་ཐེངས་ཁྲི6372.22སྣེ་ལེན་བྱས་ནས་ཡུལ་སྐོར་འཛད་སྤྱོད་སྒོར་དུང་ཕྱུར347.77ལ་སླེབས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2025-07-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དུས་ཀྱི་ལམ་པའི་འཕྲིན། སི་ཁྲོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱི་གནས་ཚུལ་ལ་གཞིགས་ན། ཕྱོགས་གསུམ་པའི་གྲངས་གཞི་ཆེན་པོའི་ཕྱོགས་བསྡུས་ཚོད་རྩིས་ལས་མངོན་པ་ལྟར་ན། 2025ལོའི་ལོ་གསར་དུས་ཆེན་གྱི་གུང་གསེང་སྐབས། སི་ཁྲོན་ཞིང་ཆེན་གྱིས་བསྡོམས་པས་ཡུལ་སྐོར་བ་མི་ཐེངས་ཁྲི6372.22སྣེ་ལེན་བྱས་པ་དང་ཡུལ་སྐོར་འཛད་སྤྱོད་བསྡོམས་འབོར་སྒོར་དུང་ཕྱུར347.77ཟིན་པ་དེ་སོ་སོར་དུས་མཉམ་ལས5.36%དང12.21%འཕར་ཡོད།

ལོ་གསར་དུས་ཆེན་རིང་ཞིང་ཆེན་ཡོངས་ཀྱིAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་སྤ་སེའི་རིན་གོང་གཟིགས་སྐྱོང་དང་ཆག་ཡང་སོགས་ཀྱི་རྒྱུ་རྐྱེན་མང་པོ་ལག་བསྟར་བྱས་པའི་ཤུགས་རྐྱེན་ཐེབས་པའི་འོག“འཕར་བ་གཉིས”མངོན་པ་དང་། རིམ་རྩིས་ཐོག་ཡུལ་སྐོར་བ་མི་ཐེངས་ཁྲི5085.20སྣེ་ལེན་བྱས་པ་དང་། སྤ་སེའི་ཡོང་འབབ་སྒོར་དུང་ཕྱུར4.92ཡིན་པ་དེ་ན་ནིང་གུང་གསེང་དང་བསྡུར་ན་སོ་སོར10.15%དང0.62%འཕར་ཡོད།

ཞིང་ཆེན་ཡོངས་ཀྱི་དཔེ་མཛོད་ཁང་དང་། རིག་གནས་ཁང་། རྟེན་རྫས་བཤམས་མཛོད་ཁང་བཅས་ཀྱིས་བསྡོམས་པས་ཀློག་པ་པོ་དང་ལྟད་མོ་བ་མི་ཐེངས་ཁྲི850.89ལ་སྣེ་ལེན་གནང་།

ལོ་སར་དུས་ཆེན་ནང་ལེང་ཧྲན་ཁུལ་ཅན་ཁྲང་གནའ་གྲོང་དུ་མི་ཚོགས་ཀྱི་འདུ་འཛི་ཆེ་བ། (ལེང་ཧྲན་ཁུལ་ཨུ་དྲིལ་བསྒྲགས་པུའུ་ཡིས་པར་རིས་མཁོ་འདོན་བྱས། )

སི་ཁྲོན་དུ་ཡུལ་སྐོར་གྱི་མི་ཚོགས་ཧ་ཅང་མང་། རྒྱ་ལོའི་ཚེས1ནས་ཚེས7ཉིན་བར་སི་ཁྲོན་ཞིང་ཆེན་གྱིAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་སྣེ་ལེན་བྱས་པའི་མི་ཐེངས་དུས་མཉམ་ལས་ཆ་སྙོམས་ཀྱིས12%འཕར་ཡོད། མངའ་ཁོངས་སུ་ཡོང་བའི་ཡུལ་སྐོར་བ་མི་ཐེངས་ཁྲི1.42ལྷག་སྣེ་ལེན་བྱས་པ་དེ་དུས་མཉམ་ལས208.50%འཕར་ཡོད།

དུས་ཆེན་རིག་གནས་ཡུལ་སྐོར་མཁོ་སྤྲོད་ཕུན་སུམ་ཚོགས་པོ་ཡོད། ད་ལོའི་ལོ་གསར་དུས་ཆེན་ནང་སི་ཁྲོན་རིག་གནས་ཡུལ་སྐོར་སྡེ་ཚན་གྱིས་དམིགས་སའི་རང་བཞིན་གྱིས་རིག་གནས་ཡུལ་སྐོར་བྱེད་སྒོ་ཕུན་སུམ་ཚོགས་པོ་གྲ་སྒྲིག་བྱས་ནས། ལོ་གསར་དུས་ཆེན་གྱི་སྲོལ་རྒྱུན་རིག་གནས་འབུར་དོད་དང་རྒྱུན་འཛིན་བྱས་ཏེ་དུས་ཆེན་གྱི་རྣམ་པ་ཟབ་མོ་བསྐྲུན་ཡོད། 2025ལོའི་སི་ཁྲོན་ཞིང་ཆེན་གྱི“འབྲུག་སེང་སྟོང་གིས་ལོ་གསར་བསུ། དགའ་དགའ་སྤྲོ་སྤྲོས་ལོ་སར་རོལ”བའི་མང་ཚོགས་ཀྱི་རིག་གནས་བྱེད་སྒོ་བདེ་བླག་ངང་གཉེར་བ་ཏེ། ཞིང་ཆེན་ཡོངས་ཀྱི་ལོ་སར་དུས་ཆེན་གྱི་རིག་གནས་ཡུལ་སྐོར་བྱེད་སྒོ་རབ་དང་རིམ་པ་མགོ་ཚུགས།

ཀོང་ཨན་གྲོང་ཁྱེར་གྱིས་གསར་དུ་བསྐྲུན་པའི་ཚུང་གྲོང་ཁྱེར་གྱི་ཡུལ་སྐོར་རྣམ་གྲངས་ལ་དར་རྒྱས་ཆེན་པོ་བྱུང་། (ཀོང་ཨན་གྲོང་ཁྱེར་རིག་གནས་རླུང་འཕྲིན་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱིས་པར་རིས་མཁོ་འདོན་བྱས་པ། )

ཡུལ་ལྗོངས་གསར་པ་དང་ལས་རྣམ་གསར་པར་ཀུན་གྱིས་དགའ་མོས་བྱེད། སི་ཁྲོན་ས་གནས་ཁག་གིས་རིག་གནས་ཡུལ་སྐོར་གྱི་ཡུལ་ལྗོངས་གསར་པ་དང་རྣམ་གྲངས་གསར་པ་རབ་དང་རིམ་པ་གཅིག་སྡུད་ཐོག་བཏོན་པ་དང་། དེར་རྒྱ་ཆེའི་ཡུལ་སྐོར་བས་ཧ་ཅང་དགའ་བསུ་བྱེད། སི་ཁྲོན་ཡུལ་སྐོར་མ་འཇོག་ཚོགས་པའི་ཁོངས་གཏོགས་ཀྱི་ཐེན་ཧྥུའུ་རྒྱལ་སྤྱིའི་འགུལ་རིས་གྲོང་ལ་དར་རྒྱས་ཆེན་པོ་བྱུང་ནས། འགུལ་རིས་ལ་དགའ་པོ་བྱེད་མཁན་མང་པོ་ཞིག་གི་ཡིད་དབང་བཀུགས་པ་དང་། གུང་གསེང་རིང་ཡུལ་སྐོར་བ་མི་ཐེངས་ཁྲི10.24སྣེ་ལེན་བྱས།

ཀོང་ཡོན་གྲོང་ཁྱེར་ཚུའེ་ཡུན་ལང་མཛེས་ལྗོངས་ཁུལ་གྱིས《སི་ཁྲོན་གྱི་དངོས་སྐྱེལ》ཞེས་པའི་ཡུལ་ལྗོངས་ཟློས་གར་གྱི་ཉམས་ལེན་སྤེལ་བ། (ཅན་ཀེ་རྫོང་ཨུ་དྲིལ་བསྒྲགས་པུའུ་ཡིས་པར་རིས་མཁོ་འདོན་བྱས་པ། )

རིག་གནས་དང་རྟེན་རྫས་བཤམས་མཛོད་ཁང་གི་ཡུལ་སྐོར་གྱི་ཚ་རླབས་སྔར་བཞིན་རྒྱས། སི་ཁྲོན་གྱི་རྟེན་རྫས་བཤམས་མཛོད་ཁང་ཆེ་གྲས་ཁག་གིས་དཔྱིད་གསར་དུས་ཆེན་གྱི་དམིགས་བསལ་འགྲེམས་སྟོན་བྱེད་སྒོ་ཇུས་འགོད་ཞིབ་ཚགས་བྱས་ཏེ། སི་ཁྲོན་གྱི“རྟེན་རྫས་བཤམས་མཛོད་ཁང་གི་ཡུལ་སྐོར་ཚ་ཤུགས”བསླངས་ནས་བསྡོམས་པས་ཡུལ་སྐོར་བ་མི་ཐེངས་ཁྲི680སྣེ་ལེན་བྱས།

རིག་དངོས་སྲང་ལམ་གྱི་ཤར་ཕྱོགས་པའི་འཚོ་བའི་མཛེས་རིག་འགྲེམས་སྟོན། (ཁྲེང་ཏུའུ་ཝུའུ་ཧོའུ་ཚི་རྟེན་རྫས་བཤམས་མཛོད་ཁང་གིས་པར་རིས་མཁོ་འདོན་བྱས་པ། )

ཞབས་ཞུའི་འགན་སྲུང་ཞིབ་ཕྲ་ལྡན་ལ་མི་སེམས་དྲོ་བར་བྱས། སི་ཁྲོན་ས་གནས་ཁག་གིས་བྱེད་ཐབས་མང་པོ་མཉམ་དུ་སྤྱད་དེ་སྙིང་ཉེ་དང་གཟབ་ནན་གྱི་ཞབས་ཞུ་མཁོ་འདོན་བྱས་ནས། ཡུལ་སྐོར་བས་སེམས་བདེ་དང་ཁམས་སྐྱིད་ངང་ཡུལ་སྐོར་བྱེད་པར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད། །

 
རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།