དུས་ཀྱི་ལམ་པའི་འཕྲིན། འབར་ཁམས་གྲོང་ཁྱེར་རྒན་གཉོར་སྨན་ཁང་ནི་མཚོ་འཕགས་སྨི3000ཙམ་ཡོད་པའི་སི་ཁྲོན་ནུབ་བྱང་མཐོ་སྒང་དུ་གནས་ཡོད། རླངས་འཁོར་སྨན་ཁང་གི་སྒོ་ཁར་ཐོན་མ་ཐག ང་ཚོའི་རྣ་རྩར་རོལ་དབྱངས་ཀྱི་ལྡུར་སྒྲ་ཞིག་བསྟུད་མར་གྲགས་བྱུང་། ནང་དུ་འཛུལ་བ་ན་རྒན་གཉོར་ཁང་གི་ཡོན་ཀྲང་བཀྲ་ཤིས་དབང་མོས་རྒན་རྒོན་རྣམས་དང་མཉམ་དུ་རྩ་ལམ་ལུས་སྦྱོང་ལུས་རྩལ་བྱེད་བཞིན་ཡོད་པ་མཐོང་།
འདི་ནི་འབར་ཁམས་གྲོང་ཁྱེར་རྒན་གཉོར་ཁང་དུ་བཀྲ་ཤིས་དབང་མོས་རྒན་རྒོན་ཚོའི་སྣེ་ཁྲིད་ནས་མཉམ་དུ་བདེ་སྲུང་ལུས་རྩལ་རྩེད་བཞིན་པའི་ཚུལ་རེད།
“དགུ་བཅུའི་ནང་སྐྱེས”པའི་བོད་རིགས་བུ་མོ་བཀྲ་ཤིས་དབང་མོ་ནད་གཡོག་པ་ནས་འཚར་ལོངས་བྱུང་བའི་གཞི་རིམ་འཐུས་མི་ཞིག་ཡིན་ལ། ལོ་ངོ16རིང་རྒན་གསོའི་ཞབས་ཞུའི་འཐབ་ཕྱོགས་སུ་ལས་ལ་བྲེལ་ཡོད།
འདི་ནི་འབར་ཁམས་གྲོང་ཁྱེར་རྒན་གཉོར་ཁང་ནས་པར་བླངས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཀྱི་འཐུས་མི་བཀྲ་ཤིས་དབང་མོ་ཡིན།
དང་ཐོག་ཁོ་མོར་ཐུག་སྐབས་ང་ཚོའི་གསོན་ཤུགས་ཀྱིས་ཁེངས་པའི་བོད་རིགས་བུ་མོ་དེ་དང་རྒན་རྒོན་ལ་གཉོར་སྐྱོང་བྱེད་པར་ངང་རྒྱུད་རིང་དགོས་ལ་དཀའ་ངལ་ཡོད་པའི་ལས་ཀ་དེ་དང་ཟུང་འབྲེལ་བྱེད་དཀའ་བ་ཞིག་རེད་མོད། ཡིན་ནའང་ཁོ་མོས་དང་ཐོག་ཅིའི་ཕྱིར་རྒན་གསོའི་ནད་གཡོག་པའི་ལས་ཀ་དེ་འདེམས་དོན་ཡིན་ཞེས་དྲིས་ཚེ། ཁོ་མོ་ཅུང་སེམས་འགུལ་ཆེན་པོ་ཐེབས་པའི་ངང་མོ་རང་ལོ་ན6ལ་སླེབས་སྐབས་འདམ་རྡོའི་ཆུ་རོ་བྱུང་བའི་དབང་གིས་ཕ་མ་གཉི་ཀའི་སྲོག་ཤོར་སོང་བས། ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག མོའི་ཨ་ནེ་ཡིས་གསོ་སྐྱོང་བྱས་ནས་ནར་སོན་པ་དང་། སྤྱི་ཚོགས་ལ་དྲིན་ལན་འཇལ་རྒྱུ་ནི་ཁོ་མོས་ཆུང་དུས་ནས་སེམས་ཐག་བཅད་པའི་བྱ་བ་ཞིག་ཡིན་ཞེས་བཤད།
འདི་ནི་འབར་ཁམས་གྲོང་ཁྱེར་རྒན་གཉོར་ཁང་དུ་བཀྲ་ཤིས་དབང་མོས་ལོ་ན85ལ་སླེབས་པའི་རྒན་མོ་ཚེ་རིང་སྐྱིད་ལ་སེན་མོ་བྱུགས་པའི་ཚུལ་རེད།
མིག་སྔར་འབར་ཁམས་གྲོང་ཁྱེར་རྒན་གཉོར་ཁང་དུ་རྒན་རྒོན61ཡོད་པ་དང་ལོ་ན་ཆེ་ཤོས་ནི་ལོ93ཡིན། བདག་སྐྱོང་ཁང་དུ་བཅར་འདྲི་བྱས་པའི་ཉིན་གཉིས་རིང་མྱོང་ཚོར་ཟབ་ཤོས་ནི་ཁོ་མོ་དང་རྒན་རྒོན་དབར་གྱི་ཉེ་འབྲེལ་གྱི་ཚོར་བ་རེད།
བཀྲ་ཤིས་དབང་མོས་རྒན་རྒོན་རེ་རེའི་ལུས་ཕུང་གི་གནས་ཚུལ་དང་མི་སྒེར་གྱི་གོམས་གཤིས་ལ་རྒྱུས་མངའ་ཡོད་པས། ཁོང་དང་མཉམ་དུ་རྒན་རྒོན་གང་ཞིག་གི་ཁང་བའི་ནང་དུ་གང་འདོད་དུ་འཛུལ་ཚེ། ཁོ་མོས་ཁང་བའི་ནང་དུ་སྡོད་པའི་རྒན་རྒོན་རྣམས་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་དུས་ཐོག་ཏུ་བྱེད་ཐུབ།
ལོ་ན85ལ་སླེབས་པའི་རྒན་མོ་ཚེ་རིང་སྐྱིད་ལ་རུས་ནད་ཚབས་ཆེན་ཕོག་པས། ལུས་པོ་དྲང་མོར་ལངས་དཀའ་ཕྱིར། བཀྲ་ཤིས་དབང་མོས་ཉིན་ལྟར་ཁོ་མོའི་ལུས་ཕུང་གནས་ཚུལ་འདྲི་རུ་སོང་ནས་ཁོ་མོ་སྒོ་རའི་ནང་དུ་ཁྲིད་ནས་ཉི་མར་ལྡེབ་ནས་ལུས་ཕུང་འགུལ་སྐྱོད་བྱེད་བཞིན་ཡོད།
འདི་ནི་འབར་ཁམས་གྲོང་ཁྱེར་རྒན་གཉོར་ཁང་དུ་བཀྲ་ཤིས་དབང་མོ་དང་བདག་སྐྱོང་མི་སྣ་དཔལ་མོ་དབར་ལས་དོན་བཀོད་སྒྲིག་སྤེལ་རེས་བྱེད་པའི་ཚུལ་རེད།
ན་ནིང་ཟླ9པར་སྒོ་རའི་ཁུལ་གསར་པར་སྤོས་པ་ནས་བཟུང་སྒོ་རའི་ནང་གི་ཁང་པ་ཚང་མར་ཆུ་ཚ་ཆས་སྒྲིག་སྦྱོར་བྱས་ཡོད་པ་དང་། སྤྱི་པའི་ས་ཁོངས་སུ་འཕུར་མཉེད་རྐུབ་སྟེགས་ཡོད་པ། གསང་སྤྱོད་ད་དུང་རྒས་པ་དང་འཚམ་པའི་བསྒྱུར་བཀོད་བྱས་པས་རྨང་གཞིའི་སྒྲིག་བཀོད་ཇེ་མཐོར་སོང་ཡོད། དེ་སྔའི་རྒན་རྒོན་སྨན་ཁང་ཡང་རྒན་གཉོར་སྨན་ཁང་དུ་བསྒྱུར་ནས་སྤྱི་ཚོགས་ལ་ཁ་ཕྱོགས་ནས་རྒན་རྒོན་གྱི་རྒན་གསོ་དང་ལེན་བྱེད་ཐུབ།
འདི་ནི་འབར་ཁམས་གྲོང་ཁྱེར་རྒན་གཉོར་ཁང་དུ་བཀྲ་ཤིས་དབང་མོ་དང་ལོ་ན82ལ་སླེབས་པའི་རྒད་པོ་ཀུན་གྲགས་གཉིས་དབར་གླེང་མོལ་བྱེད་པའི་ཚུལ་རེད།
རྒན་རྒོན་ཚོའི་བཟའ་བཏུང་དང་འཚོ་བ་ལ་ལྟ་སྐྱོང་ཡག་པོ་བྱེད་པ་ནས་རྒན་རྒོན་གྱི་སྣེ་ཁྲིད་ནས་མཉམ་དུ་རྩ་ལམ་བདེ་སྲུང་ལུས་སྦྱོང་བྱེད་པ་དང་། ཐ་ན་ཁོང་ཚོར་སེན་མོ་བྱུགས་པ་བཅས་བཀྲ་ཤིས་དབང་མོས་རྒན་རྒོན་གྱི་ངོས་ནས་བརྗོད་ན། སེམས་ཁམས་ཐད་ཀྱི་རོགས་པ་དེ་དངོས་པོའི་ཐད་ཀྱི་ལྟ་སྐྱོང་བཞིན་གལ་ཆེ་བ་ཞིག་ཡིན་པ་ཤེས་ཡོད། ཁོ་མོས་ཉིན་རེའི་བྱ་བ་གལ་ཆེན་ཞིག་ནི་རྒན་རྒོན་ཚོའི་ཁ་བརྡ་ལ་ཉན་རྒྱུ་དེ་ཡིན། ཁོ་མོས་བཤད་རྒྱུར། རྒན་རྒོན་མང་ཆེ་བའི་རྣ་ཐོས་མི་བཟང་བས། ཉིན་ལྟར་ཁོ་ཚོའི་རྣ་བའི་འགྲམ་དུ་འཛུལ་ནས་ངང་རྒྱུད་རིང་པོས་ཉན་ནས་དལ་མོར་ཁོ་ཚོར་སྐད་ཆ་བཤད་དགོས་ཞེས་བཤད།
འདི་ནི་འབར་ཁམས་གྲོང་ཁྱེར་རྒན་གཉོར་ཁང་དུ་བཀྲ་ཤིས་དབང་མོས་རྒན་རྒོན་རྣམས་ལ་འཚམས་འདྲི་གནང་བཞིན་པའི་ཚུལ་རེད།
རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཀྱི་འཐུས་མིར་གྱུར་རྗེས། ལོ་ལྟར་པེ་ཅིན་དུ་རྒྱལ་ཡོངས་ཚོགས་འདུ་གཉིས་སུ་ཞུགས་སྐབས་བཀྲ་ཤིས་དབང་མོར་རྒན་གཉོར་ཁང་གི་རྒན་རྒོན་ཚོས་ཁ་པར་རྟག་ཏུ་འབྱོར་བཞིན་ཡོད།
“ཁྱོད་པེ་ཅིན་དུ་ཚོགས་འདུར་འགྲོ་ན་དུས་ཡུན་ག་ཚོད་ལ་འགྲོ་དགོས་པ་དང་། ནམ་ཞིག་ལ་ལོག་ཡོང་དགོས་སམ།”
“ཁྱོད་ཀྱིས་པེ་ཅིན་དུ་ལུས་ཕུང་ལ་དོ་སྣང་བྱེད་དགོས། ཐང་ཆད་དྲགས་མི་རུང་།”
“པེ་ཅིན་དུ་ད་དུང་སྒོར་མོ་མི་འདིང་ན། ངའི་འདིར་ཡོད།”
……
ལོ་གཉིས་གོང་གི་ཚོགས་འདུར་ཞུགས་པའི་སྐབས་སུ་འབྱོར་བའི་སྤྲོ་སྣང་ལྡན་པའི་ཁ་པར་དེ་དག་སྐོར་གླེང་སྐབས་བཀྲ་ཤིས་དབང་མོའི་དྲན་པ་གསལ་བ་དང་། ཁ་པར་ནང་གི་རྒན་གཉོར་ཁང་གི་རྒན་རྒོན་ཚོས་སེམས་ཁུར་བྱས་པར་བཀྲ་ཤིས་དབང་མོར་དྲོ་སྐྱིད་ཆེན་པོ་བྱུང་ཞིང་། རྒན་རྒོན་ཚོས་སྔ་ས་ནས་བཀྲ་ཤིས་དབང་མོ་རང་ཉིད་ཀྱི་བུ་མོ་ཞིག་ཏུ་བརྩིས་ཡོད་པས། ཁོ་མོར་རྒན་གསོ་བྱ་གཞག་རྒྱུན་འཁྱོངས་བྱེད་དགོས་པའི་ཡིད་ཆེས་སྔར་བས་ཇེ་བརྟན་དུ་ཕྱིན་ཡོད།
བཀྲ་ཤིས་དབང་མོས་ད་དུང་རྒན་གཉོར་ཁང་གི་ད་ལོའི་དགའ་སྤྲོའི་དོན་དག་ཆེན་པོ་གཉིས་མཉམ་སྤྱོད་བྱས་པ་སྟེ། དང་པོ་ནི་དཔང་སྡེ་གསར་བ་ཞུགས་ནས་རྒན་གསོ་དང་འབྲེལ་བ་ཡོད་པའི་ཆེད་ལས་སློབ་སྦྱོང་བྱེད་པའི“00ལོའི་རྗེས་སུ”ཤེས་ལྡན་མི་སྣ་གཉིས་རྒན་གཉོར་ཁང་དུ་ལས་ཚོགས་ལ་ཕེབས་པ་དང་། གཉིས་པ་ནི་རྒན་གཉོར་སྨན་ཁང་དང་རྔ་བ་ཁུལ་བོད་སྨན་ཁང་གིས་མཉམ་འབྲེལ་སྒོ་བསྟེན་སྨན་ཁང་བཙུགས་པ་དང་རྒན་རྒོན་རྣམས་སྨན་ཁང་ནས་མ་བུད་ཀྱང་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་རེད།
འདི་ནི་འབར་ཁམས་གྲོང་ཁྱེར་རྫོང་འགག་གྲོང་རྡལ་རྫོང་འགག་གྲོང་ཚོ་རུ་བཀྲ་ཤིས་དབང་མོ(གཡས་ཀྱི་དང་པོ)ཡིས་གྲོང་ཚོའི་རྒན་རྒོན་རྣམས་དང་ཁ་བརྡ་བྱེད་པའི་ཚུལ་རེད།
འདི་ནི་འབར་ཁམས་གྲོང་ཁྱེར་རྫོང་འགག་གྲོང་རྡལ་རྫོང་འགག་གྲོང་ཚོ་རུ་བཀྲ་ཤིས་དབང་མོས་གྲོང་ཚོའི་རྒན་རྒོན་རྣམས་དང་ཁ་བརྡ་བྱས་ནས་རྒན་རྒོན་གྱི་འཚོ་བའི་འགན་སྲུང་གནད་དོན་རྒྱུས་ལོན་བྱེད་པའི་ཚུལ་རེད།
འདི་ནི་འབར་ཁམས་གྲོང་ཁྱེར་རྫོང་འགག་གྲོང་རྡལ་རྫོང་འགག་གྲོང་ཚོ་རུ་བཀྲ་ཤིས་དབང་མོ་དང་རྫོང་འགག་གྲོང་ཚོའི་ཏང་ཀྲུའུ་པུའུ་ཧྲུའུ་ཅི་ཀྲའོ་ཁྲོན་ཞིའུ་གཉིས་མཉམ་དུ་ལོ་ན97ལ་སླེབས་པའི་རྒན་མོ་ཀྲོའུ་ཡའོ་མེ་ཚང་ལ་གནས་ཚུལ་རྒྱུས་ལོན་བྱེད་པར་འགྲོ་བའི་ཚུལ་རེད།
འདི་ནི་འབར་ཁམས་གྲོང་ཁྱེར་རྫོང་འགག་གྲོང་རྡལ་རྫོང་འགག་གྲོང་ཚོ་རུ་བཀྲ་ཤིས་དབང་མོས་ལོ་ན97ལ་སླེབས་པའི་རྒན་མོ་ཀྲོའུ་ཡའོ་མེའི་ཁྱིམ་ནས་ལོ་ན་མཐོ་བའི་ཁ་གསབ་ལེན་པའི་གནས་ཚུལ་རྒྱུས་ལོན་བྱེད་པའི་ཚུལ་རེད།
འདི་ནི་འབར་ཁམས་གྲོང་ཁྱེར་རྫོང་འགག་གྲོང་རྡལ་རྫོང་འགག་གྲོང་ཚོ་རུ་བཀྲ་ཤིས་དབང་མོས་ལོ་ན97ལ་སླེབས་པའི་རྒན་མོ་ཀྲོའུ་ཡའོ་མེའི་ལག་པ་བཟུང་ནས་གླེང་མོལ་བྱེད་པའི་ཚུལ་རེད།
འགན་འཁྲི་སྒྲུབ་རིང་བཀྲ་ཤིས་དབང་མོས་མི་དམངས་འཐུས་ཚོགས་འཐུས་མིའི་ཟམ་པ་དང་འབྲེལ་ཐག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རྒན་གསོའི་ནད་གཡོག་མི་སྣའི་ཆེད་ལས་རྩལ་ནུས་གསོ་སྦྱོང་དང་འཐབ་ཕྱོགས་དང་པོའི་རྒན་གསོའི་ནད་གཡོག་བཟོ་པའི་ཐོབ་ཐང་སོགས་ཀྱི་གནད་དོན་ཐད་བརྟག་དཔྱད་ཞིབ་འཇུག་བྱས་ནས་མང་ཚོགས་ཀྱི་བསམ་འཆར་རྒྱ་ཁྱབ་ཏུ་བསྡུ་རུབ་བྱས་པ་མ་ཟད། བསམ་འཆར་དང་ཐབས་ཇུས་ཧུར་ཐག་ཀྱང་བཏོན་པ་རེད། བཀྲ་ཤིས་དབང་མོས་ད་དུང་གྲོང་ཚོ་དང་གྲོང་རྡལ་མང་པོ་ཞིག་ཏུ་བསྐྱོད་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་ལག་བསྟར་གསར་ཤོས་དང་རྒན་རྒོན་ཚོགས་སྤྱིའི་གནས་ཚུལ་ཤེས་རྟོགས་དང་གྲོང་གསེབ་ཀྱི་གཞིས་སྲུང་རྒན་རྒོན་ཚོའི་སེམས་ཀྱི་སྐད་ཆར་ཉན།
འདི་ནི་རྔ་བ་ཁུལ་དམངས་དོན་ཅུས་སུ་བཀྲ་ཤིས་དབང་མོས་ལས་དོན་མི་སྣར་ཁུལ་ཡོངས་ཀྱི་ལོ་ན་མཐོ་བའི་རྒན་རྒོན་ཚོགས་སྤྱིའི་གཞི་རྩའི་གནས་ཚུལ་གྱི་གྲངས་གཞི་རྒྱུས་ལོན་བྱེད་བཞིན་པའི་ཚུལ་རེད།
འདི་ནི་འབར་ཁམས་གྲོང་ཁྱེར་རྒན་གཉོར་ཁང་དུ་བཀྲ་ཤིས་དབང་མོ(གཡོན་པ)དང་རྒན་གཉོར་ཁང་དུ་གསར་དུ་ཞུགས་པའི“00”རྗེས་ཀྱི་ལས་དོན་མི་སྣ་དབྱང་ཐེན་ཡན(དཀྱིལ)དང་མ་ལུང་དབྱིན་གཉིས་ཀྱིས་ཉེ་དུས་ཀྱི་ལས་དོན་བཀོད་སྒྲིག་ཐད་བསམ་འཆར་སྤེལ་རེས་བྱེད་པའི་ཚུལ་རེད།
འདི་ནི་འབར་ཁམས་གྲོང་ཁྱེར་རྫོང་འགག་གྲོང་རྡལ་རྫོང་འགག་གྲོང་ཚོར་བཀྲ་ཤིས་དབང་མོས་ཁ་པར་ཐོག་ནས་གྲོང་ཚོའི་རྒན་རྒོན་གྱི་ཕྱི་རོལ་དུ་ལས་ཀ་བྱེད་བཞིན་པའི་བུ་ཕྲུག་ལ་གནས་ཚུལ་རྒྱུས་ལོན་བྱེད་བཞིན་པའི་ཚུལ་རེད།
སླར་ཡང་བཀྲ་ཤིས་དབང་མོ་དང་ཐུག་པ་ནི་ཟླ3པའི་ཚེས4ཉིན་གྱི་དགོང་མོའི་ཆུ་ཚོད8པའི་རྒྱལ་ས་པེ་ཅིན་དུ་ཡིན། བཅར་འདྲི་མ་བྱས་གོང་ཁོ་མོས་ལག་ཐོགས་ཁ་པར་བླངས་ནས་རྒན་གཉོར་ཁང་གི་ལོ་ན77ལ་སླེབས་པའི་རྒན་རྒོན་ཀྲང་ཡུའེ་ཅིན་ལ་བརྙན་ལམ་ཁ་པར་བཏང་།
“འགོ་མ་ཚུགས་གོང་གི་ཉིན་འདི་དག་ལ་ཉིན་ལྟར་དོན་དག་མང་པོ་ཞིག་ཐག་གཅོད་བྱེད་དགོས་པ་དང་། རྒན་གཉོར་ཁང་གི་རྒན་རྒོན་ཚོས་ད་དུང་སྒུག་ནས་ངེས་པར་དུ་ང་ལ་བལྟ་དགོས་པ་དང་ངར་ཤུགས་འབུལ་དགོས”ཞེས་བཤད།
འདི་ནི་ཟླ3པའི་ཚེས4ཉིན། བཀྲ་ཤིས་དབང་མོས་པེ་ཅིན་གྱི་བཅའ་སྡོད་ཁང་དུ་རྒན་གཉོར་ཁང་གི་རྒན་རྒོན་ཀྲང་ཡུའེ་ཅིན(ལག་ཐོགས་ཁ་པར་གྱི་འཆར་ཤེལ་ནང་གཡོན)དང་ཧ་མུའུ་ཁྲུའུ་བཅས་དང་བརྙན་ལམ་ནས་ཁོ་མོའི་པེ་ཅིན་གྱི་འཚོ་བ་བཤད་པའི་ཚུལ་རེད།
བརྙན་ཤེལ་ནང་ཀྲང་ཡུའེ་ཅིན་དང་བཟའ་ཟླ་གཉིས་ཀྱིས་ཁོ་མོར་བལྟས་ནས་པེ་ཅིན་དུ་ཡོད་པའི་འཚོ་བ་སྐོར་དྲིས་པ་མ་ཟད། ཉིན་གཉིས་པའི་ཞོགས་པ་སྔ་པོར་རྒན་རྒོན་གཞན་དང་མཉམ་དུ་སྒོ་རའི་ཚོམས་ཆེན་དུ་བརྙན་འཕྲིན་སྲུང་ནས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པའི་འགོ་ཚུགས་ཚོགས་འདུར་བལྟ་རྒྱུ་དང་བརྙན་འཕྲིན་གྱི་རི་མོ་ལས་ཁོ་མོ་འཚོལ་རྒྱུ་ཡིན་ཞེས་བཤད།
“སེམས་བདེ་ལེགས། ཁྱོད་ཚོས་ང་མཐོང་ཐུབ།”བཀྲ་ཤིས་དབང་མོས་ཁོ་མོའི་མཚོན་རྟགས་རང་བཞིན་གྱི་སྐད་ཆེན་པོས་ཁོ་ཚོར་བཤད།
འདི་ནི་ཟླ3པའི་ཚེས5ཉིན། སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི“འཐུས་མིའི་བགྲོད་ལམ”གཅིག་བསྡུས་བཅར་འདྲི་བྱེད་སྒོ་ཐེངས་དང་པོ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་པ་རེད། འདི་ནི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་བཀྲ་ཤིས་དབང་མོས་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱས་པའི་ཚུལ་རེད།
བཀྲ་ཤིས་དབང་མོས་འཐུས་མིའི་བགྲོད་ལམ་སྟེང་བཤད་རྒྱུར། ལོ་ངོ16རིང་ཁོང་གིས་གཅེས་སེམས་དང་། ངང་རྒྱུད་རིང་བ། འགན་འཁྲི་འཁུར་བའི་སེམས་བཅས་ཀྱིས་རྒན་རྒོན་རྣམས་དང་འབྲེལ་འདྲིས་བྱས་ཡོད།
“ཁོ་ཚོ་ནི་ངའི་ཕ་མ་དང་འདྲ་ལ། ངའི་བྱིས་པ་དང་ཡང་འདྲ།”རྒྱང་རིང་ལ་ཕྱི་ལ་འགྲོ་ཐེངས་རེར་རྒན་རྒོན་ཚོས་བཀྲ་ཤིས་དབང་མོ་ལ་ཟ་མ་ཡག་པོ་ཟ་བ་དང་། ངལ་གསོ་ཡག་པོ་བྱེད་པ། ལུས་ལ་ཡོད་པའི་དངོས་པོ་ཡག་པོ་འཁྱེར་ནས་ཕ་མ་ལྟར་མོ་ལ་སེམས་ཁུར་བྱེད་བཞིན་ཡོད། རྒན་རྒོན་ཚོར་འཚོ་བའི་ཁྲོད་དཀའ་ངལ་འཕྲད་པའམ་ཡང་ན་ནད་ཕོག་པའི་སྐབས་སུ། མོས་བྱིས་པར་ལྟ་སྐྱོང་བྱེད་པ་དང་འདྲ་བར་ཞིབ་ཚགས་ཀྱིས་ཁོ་ཚོར་ལྟ་སྐྱོང་བྱེད་བཞིན་ཡོད།
འདི་ནི་ཟླ3པའི་ཚེས4ཉིན་བཀྲ་ཤིས་དབང་མོས་པེ་ཅིན་གྱི་བཅའ་སྡོད་ཁང་དུ་དཔྱད་གཞིའི་ཡིག་རིགས་ལ་བལྟ་བའི་ཚུལ་རེད།
འཐུས་མིའི་བགྲོད་ལམ་ནས་བབས་རྗེས། དེ་སྔ་བརྙན་འཕྲིན་གྱི་མདུན་དུ་བྲེལ་འཚུབ་ཆེ་བའི་བཀྲ་ཤིས་དབང་མོས་སླར་ཡང་འགྲན་སློང་ཞིག་ལེགས་འགྲུབ་བྱུང་། ཁོ་མོས་ཐེངས་འདིར་ཁོང་གིས་འཐུས་མིའི་བགྲོད་ལམ་ཐོག་ཁོ་མོ་དང་རྒན་གཉོར་ཁང་གི་རྒན་རྒོན་ཚོའི་དོན་དག་བཤད་པ་དང་གཞོན་ནུ་དེ་བས་མང་བ་ཞིག་ཀྱང་རྒན་རྒོན་བརྩི་བཀུར་ཞབས་ཞུའི་ཚོགས་སྤྱིའི་ནང་ཞུགས་རྒྱུའི་རེ་བ་ཡོད་ཅེས་བཤད།
འབར་ཁམས་གྲོང་ཁྱེར་རྒན་གཉོར་སྨན་ཁང་ནས་ཁ་བྲལ་སྐབས་ང་ཚོས་བཀྲ་ཤིས་དབང་མོ་ལ་རང་ཉིད་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཡིན་པའི་ངོས་ནས་འགན་འཁྲི་སྒྲུབ་པའི་གནད་འགག་ཕྱོགས་བསྡོམས་གནང་རོགས་ཞུས་པ་དང་ཁོ་མོས་ཐེ་ཚོམ་མེད་པར“བདེ་སྐྱིད་ལྟ་སྲུང”ཞེས་པའི་ཡིག་འབྲུ་བཞི་བཤད།
བཀྲ་ཤིས་དབང་མོས“ངའི་བདེ་སྐྱིད་ཀྱི་ཚོར་བ་ནི་རྒན་རྒོན་ཚོས་ང་ལ་བཅངས་པའི་བརྩེ་དུང་ཟབ་མོ་དང་ཡིད་ཆེས་ལས་བྱུང་བ་ཡིན། ངས་ཀྱང་བྱ་གཞག་འདི་རྒྱུན་དུ་རྒྱུན་འཁྱོངས་བྱས་ནས་རྒན་རྒོན་རྣམས་ལ“ཚེ་མཇུག་གི་འཚོ་བ་སྐྱིད་པོ”ཞིག་ལོངས་སུ་སྤྱོད་དུ་འཇུག་རྒྱུ་ཡིན”ཞེས་བཤད། །