ཀྲུང་གོ་བོད་ཀྱི་དྲ་བ།

འོད་ཤུགས་གློག་འདོན་གྱིས་ཉིང་ཁྲི་གྲོང་ཁྱེར་གྱི་ནུས་ཁུངས་གཙང་མའི་རྟེན་གཞི་འཛུགས་སྐྲུན་ལ་རོགས་རམ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2025-02-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

པར་འདི་ནི་ཉིང་ཁྲིའི་ཀོང་པོའི་ཡུལ་གྱི་ཀྲུང་ཀོང་ཧོ་འོད་ཤུགས་གློག་གསོག་ས་ཚུགས་སུ་གྲལ་སྟར་འགྲིག་པའི་འོད་ཤུགས་པང་ལེབ་ཀྱི་རྣམ་པ་རེད།

དུས་ཀྱི་ལམ་པའི་འཕྲིན། ཀོང་པོའི་ཀྲུང་ཀོང་ཧོ་འོད་ཤུགས་གློག་གསོག་ས་ཚིགས་ནི་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་རྒྱ་ཤིང་ཤང་གསུམ་མདོ་གྲོང་ཚོར་གནས་ཤིང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར1.27བཏང་བ་དང་ས་ཁྱོན་མུའུ689ལྷག་བཟུང་ཡོད། 2024ལོའི་ཟླ10པའི་ཚེས11ཉིན་ནས་བཟུང་དྲ་སྦྲེལ་གློག་འདོན་བྱས་ཤིང་། ཤོང་ཚད་ཡོངས་འཁོར་རྒྱུག་གི་གནས་ཚུལ་འོག་ལོ་རེའི་ཆ་སྙོམས་གློག་འདོན་ཚད་ཆན་ཝ་དུས་ཚོད་ཁྲི5866ལ་སླེབས་པ་རེད། རྣམ་གྲངས་དེ་ནི་ཉིང་ཁྲི་གྲོང་ཁྱེར་གྱིས་ཐོག་མར་ལག་བསྟར་དོན་འཁྱོལ་བྱས་པའི་འོད་ཤུགས་དང་ནུས་གསོག་ནུས་ཁུངས་གསར་བ་ཟུང་འབྲེལ་གྱི་རྣམ་གྲངས་གཅིག་གྲས་ཡིན་པས། ཉིང་ཁྲི་གྲོང་ཁྱེར་གྱིས་འཛམ་གླིང་རིམ་པའི་ནུས་ཁུངས་གཙང་མའི་རྟེན་གཞི་བསྐྲུན་པར་སྒུལ་ཤུགས་གསར་བ་བསྣན་ཡོད། ས་གནས་མང་ཚོགས་ཀྱི་ཕྱུགས་ལས་དང་ཐོན་སྐྱེད་དགོས་མཁོར་འགན་སྲུང་བྱ་ཆེད། གློག་འདོན་ས་ཚིགས་དེའི་གྲལ་འགྲིག་པང་ལེབ་འཛུགས་སྐྲུན་ཐོག་ཕྱུགས་འཚོ་དང་འོད་ཤུགས་གློག་གསོག་ཕན་ཚུན་གསབ་རེས་ཀྱི་རྣམ་པ་སྤྱད་དེ། སྟེང་དུ་གློག་འདོན་པ་དང་འོག་ཏུ་ཕྱུགས་འཚོ་བའི་ནུས་འབྲས་མངོན་ནས། སྐྱེ་ཁམས་རིན་ཐང་དང་ཐོན་ལས་རིན་ཐང་གཉིས་རྒྱལ་གྱི་རྣམ་པ་མངོན་འགྱུར་བྱུང་ཡོད། །

 
རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།