ཀྲུང་གོ་བོད་ཀྱི་དྲ་བ།

ཉིང་ཁྲི་གྲོང་ཁྱེར་གྱིས་སྐྱེ་ཁམས་ཁྱིམ་ཚང་མགྲོན་ཁང་ལ་བརྟེན་ནས་ཕྱུག་འགྱུར་བྱུང་།

ཡོང་ཁུངས། : ཀླུ་མོ་མཚོ་ཡིས་བསྒྱུར།   རྩོམ་པ་པོ། : ཀྲུང་གོ་བོད་ཀྱི་དྲ་བ།   སྤེལ་དུས། : 2025-07-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

         དུས་ཀྱི་ལམ་པའི་འཕྲིན། ཆ་སྙོམས་མཚོ་འཕགས་སྨི3100ལྷག་ཡོད་པའི་བོད་ལྗོངས་ཉིང་ཁྲིར"བོད་ལྗོངས་ཀྱི་འབྲི་ཆུའི་ལྷོ་རྒྱུད"ཅེས་པའི་མཚན་སྙན་གྲགས་ཡོད་ལ། དེ་གའི་ཐུན་མོང་མ་ཡིན་པའི་གནམ་གཤིས་ཀྱི་དབང་གིས་སྐྱེ་ཁམས་ཁོར་ཡུག་མཛེས་ཤིང་ཡིད་དུ་འོང་བ་ཞིག་རེད། གངས་རི་དང་ཁམ་བུའི་མེ་ཏོག་གི་མཛེས་ལྗོངས་ཀྱིས་ཡུལ་སྐོར་བའི་ཡིད་དབང་བཀུག་ཡོད་པ་མ་ཟད། ས་གནས་མང་ཚོགས་ལའང"དཔལ་འབྱོར"གྱི་ཕན་ཁེ་ལོངས་སྤྱོད་བྱེད་དུ་བཅུག་ཡོད།

བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྤོ་མེས་རྫོང་ཀ་གནམ་གྲོང་ཚོའི་གྲོང་མི་བཀྲ་འབྲུག་གིས་བཤད་རྒྱུར། སྔོན་ཆད་ས་གནས་ཀྱི་ཁམ་བུའི་མེ་ཏོག་ལ་དེ་འདྲའི་དོ་སྣང་བྱེད་ཀྱིན་མེད་ལ། རྗེས་སུ་ཁམ་བུའི་མེ་ཏོག་དུས་ཆེན་སྤེལ་མགོ་ཚུགས་པ་དང་། ཁམ་བུའི་མེ་ཏོག་ལ་བརྟེན་ནས་ཡུལ་སྐོར་བ་སྔར་བས་མང་པོ་འདི་གར་ཡུལ་སྐོར་དུ་ཡོང་བ་དང་། གྲོང་ཚོའི་ནང་དུ་ཁྱིམ་ཚང་མགྲོན་ཁང་དང་ཟ་ཁང་སྔར་ལས་མང་པོ་གཉེར་ཡོད།

2024ལོར་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྤོ་མེས་རྫོང་གིས་བསྡོམས་པས་ཡུལ་སྐོར་བ་མི་ཐེངས་ཁྲི263.2སྣེ་ལེན་བྱས་ཤིང་། ཡུལ་སྐོར་གྱི་འབྲེལ་ཡོད་ཡོང་འབབ་སྒོར་དུང་ཕྱུར21.45ལ་སླེབས། །

 
རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།