པར་འདི་ནི་ཟླ4པའི་ཚེས2ཉིན་ཡུལ་སྐོར་བས་ཉིང་ཁྲི་གྲོང་ཁྱེར་ཀ་ལ་གྲོང་ཚོར་མེ་ཏོག་ལ་ལྟ་བའི་རྣམ་པ་རེད།
དུས་ཀྱི་ལམ་པའི་འཕྲིན། ཉེ་བའི་ལོ་འགའི་རིང་། “གངས་ལྗོངས་ཀྱི་འབྲི་ཆུའི་ལྷོ་རྒྱུད”ཅེས་པའི་མཚན་སྙན་གྲགས་པའི་བོད་ལྗོངས་ཉིང་ཁྲི་ཡིས་སྐྱེ་ཁམས་སྲུང་སྐྱོབ་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་མཉམ་འགུལ་ལེགས་པོའི་ཁྲོད“མེ་ཏོག་ལ་ལྟ་བ+ཁྱིམ་ཚང་མགྲོན་ཁང”“མེ་ཏོག་ལ་ལྟ་བ+རིག་གནས་གསར་གཏོད་ཐོན་རྫས”སོགས་མཉམ་འདུས་བདག་གཉེར་བྱེད་སྟངས་བརྒྱུད་དེ། སྐྱེ་ཁམས་ཀྱི་བཞིན་ཐང་དེ་དཔལ་འབྱོར་རིན་ཐང་དུ་སྒྱུར་བའི་ཁྱད་ལྡན་གྱི་འཕེལ་རྒྱས་བགྲོད་ལམ་དུ་སྐྱོད་ཡོད།
ཉིང་ཁྲི་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། 2025ལོའི་ཟླ4པའི་ཚེས4ཉིན་ནས་ཟླ4པའི་ཚེས6ཉིན་བར་ཉིང་ཁྲི་གྲོང་ཁྱེར་གྱིས་བསྡོམས་པས་ཡུལ་སྐོར་བ་མི་ཐེངས་ཁྲི20.86སྣེ་ལེན་བྱས་ནས་དུས་མཉམ་ལས20.58%འཕར་ཡོད་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར1.5མངོན་འགྱུར་བྱུང་ནས་དུས་མཉམ་ལས37.62%འཕར་ཡོད། །
པར་འདི་ནི་ཟླ4པའི་ཚེས2ཉིན་ཡུལ་སྐོར་བས་ཉིང་ཁྲི་གྲོང་ཁྱེར་ཀ་ལ་གྲོང་ཚོར་རྟ་ཞོན་པར་ཉམས་ལེན་བྱེད་བཞིན་པའི་རྣམ་པ་རེད།
པར་འདི་ནི་ཟླ4པའི་ཚེས3ཉིན་ཉིང་ཁྲི་གྲོང་ཁྱེར་རྡོ་སྟེང་གྲོང་ཚོའི་གྲོང་མིས་ལུས་སུ་གཟབ་མཆོར་སྤྲས་པ་དང་ལག་ཏུ་གྲོ་སོ་ཕྱེ་མར་བཟུང་ནས་ཡུལ་སྐོར་བར་དམངས་སྲོལ་ཉམས་ལེན་གྱི་བྱ་འགུལ་མཁོ་འདོན་བྱེད་པའི་རྣམ་པ་རེད།
པར་འདི་ནི་ཟླ4པའི་ཚེས3ཉིན་ཡུལ་སྐོར་བས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་སྤྱི་གླིང་དུ་ས་གནས་ཁྱད་རྫས་འདེམ་ཉོ་བྱེད་པའི་རྣམ་པ་རེད།
པར་འདི་ནི་ཟླ4པའི་ཚེས3ཉིན་ཡུལ་སྐོར་བས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་སྤྱི་གླིང་དུ་ཁམ་བུའི་མེ་ཏོག་བག་ཟན་འདེམ་ཉོ་བྱེད་པའི་རྣམ་པ་རེད།
པར་འདི་ནི་ཟླ4པའི་ཚེས4ཉིན་ཉིང་ཁྲི་གྲོང་ཁྱེར་ཟུར་གསུམ་གྲོང་ཚོའི་ཁྱིམ་ཚང་མགྲོན་ཁང་ཞིག་ཏུ་ཞབས་ཞུ་བས་ཁང་བར་གད་རྒྱག་པའི་རྣམ་པ་རེད།
པར་འདི་ནི་ཟླ4པའི་ཚེས2ཉིན་ཡུལ་སྐོར་བས་ཉིང་ཁྲི་གྲོང་ཁྱེར་ཀ་ལ་གྲོང་ཚོར་གླུ་དབྱངས་ལེན་པའི་རྣམ་པ་རེད།