ཀྲུང་གོ་བོད་ཀྱི་དྲ་བ།

ནག་ཆུ་གྲོང་ཁྱེར་གྱིས་ལྗང་མདོག་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་བཏང་ནས་འབྲོག་པའི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-03-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དུས་ཀྱི་ལམ་པའི་འཕྲིན།  ཉེ་སྔོན། བོད་ལྗོངས་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་མཚོ་སྟོད་ཤང་གིས་ཉང་གཡག་ནོར་གནག་གི་རྒྱུད་དག་སྲུང་སྐྱོབ་དང་ཁྱུ་ཚོགས་རིམ་བཞིན་རྒྱ་སྐྱེད་དུ་བཏང་བ་དང་། མཐོ་སྒང་གི་ལྗང་མདོག་སྐྱེ་ཁམས་ཚན་རྩལ་ཕྱུགས་ལས་ཐོན་ལས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་བཏང་བ། ཕྱུགས་ལས་ལ་བརྟེན་ནས་འབྲོག་པ་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་བཅས་གཏོང་ཆེད། ཐེངས་མང་རྟོག་ཞིབ་དང་དོན་དངོས་ཟུང་འབྲེལ་བྱས་པ་བརྒྱུད་གྲོང་ལྷན་དྲུག་གིས་བཙུགས་པའི་གྲོང་ཚོ་མང་པོ“གཅིག་སྒྲིལ”གྱི་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ཆགས་ཡོད་ལ། དེས“ཉང་གཡག”ནོར་གནག་གསོ་སྤེལ་ལས་རིགས་རྒྱུན་མཐུད་བརྟན་པོའི་ངང་འཕེལ་རྒྱས་ཡོང་བར་འགན་སྲུང་དང་། གྲོང་ཚོའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་མངོན་གསལ་ཇེ་བཟང་དུ་འགྲོ་བ་མངོན་འགྱུར་བྱུང་ཡོད།


པར་འདི་ནི་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་ལས་དོན་མི་སྣས་ནོར་གནག་ལ་གཟན་རྩྭ་སྟེར་བའི་རྣམ་པ་རེད།


པར་འདི་ནི་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་གཅིག་སྡུད་གསོ་བའི་ནོར་གནག་རེད།

ལྷ་རི་རྫོང་མཚོ་སྟོད་ཤང་གིས་ཐེངས་མང་ཞིབ་འཇུག་བརྟག་དཔྱད་བྱས་པ་བརྒྱུད། གྲོང་ལྷན་དྲུག་ལམ་ཆེན་གྱི་འགྲམ་རྒྱུད་དུ་ནར་དབྱིབས་ཚུལ་གྱིས་ཁྱབ་ཡོད་པ་དང་ས་ཁམས་གནས་ཡུལ་ཅུང་གཅིག་སྡུད་ཡིན་པ། དེའི་ཐོག་གྲོང་ལྷན་དྲུག་གི་རྩྭ་སའི་རྒྱ་ཁྱོན་མཉམ་སྤྱོད་ཀྱི་གནས་ཚུལ་ཅུང་མང་བ། གོང་གསལ་གྱི་ལེགས་ཆའི་ཆ་རྐྱེན་ཧ་ཅང་མང་པོའི་རྨང་གཞིའི་ཐོག་འབྲོག་པ་མང་ཚོགས་ཀྱི་དཔལ་འབྱོར་ཡོང་འབབ་ཇེ་མང་དུ་གཏོང་བ་དམིགས་ཡུལ་དུ་བཟུང་སྟེ། མཚོ་སྟོད་ཤང་གིས་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་གྲོང་ཚོ་མང་པོ“གཅིག་སྒྲིལ”གྱི་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གྲུབ་ཡོད་ལ། དེ་ནི་ཤང་གཅིག་དང་མཉམ་ལས་ཁང་གཅིག གྲོང་ལྷན་དྲུག་གིས་མཉམ་དུ་ནོར་གནག266བཏོན་ནས་བཙུགས་པ་ཡིན། མཉམ་ལས་ཁང་བཙུགས་པ་ནས་ད་ལྟའི་བར་གྱི་ཟླ་བཞིའི་ནང་ཡོང་འབབ་སྒོར་ཁྲི6ལྷག་རག་ཐུབ་ཡོད། 

མཚོ་སྟོད་ཤང་གི་གྲོང་ཚོ་མང་པོ“གཅིག་སྒྲིལ”གྱི་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བས། མཚོ་སྟོད་ཤང་ཉང་གཞུང་གི་གྲོང་ལྷན་དྲུག་གིས་གྲོང་ཚོ་མང་པོགཅིག་སྒྲིལགྱི་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ཡོད་ཅིང་། 2023ལོའི་ཟླ11པར་བཙུགས་པ་ནས་ད་ལྟའི་བར་གྱི་ཡོང་འབབ་ལ་ལྟ་རིན་ཡོད། གྲོང་ལྷན་འདི་དྲུག་མཉམ་ལས་ཁང་དུ་བཙུགས་པའི་རྒྱུ་རྐྱེན་ནི་དེ་ག་ལམ་རྒྱུད་གཅིག་ཏུ་གནས་ཡོད་པས། འབྲོག་པ་མང་ཚོགས་ལ་སྟབས་བདེ་བཟོས་ཡོད་པ་མ་ཟད་གྲོང་ལྷན་དྲུག་གི་དབྱར་དུས་དང་དགུན་དུས་ཀྱི་རྩྭ་ས་ཚང་མས་མཉམ་དུ་སྤྱོད་བཞིན་ཡོད་ཅེས་བཤད།

རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྟོད་ཤང་གི་གྲོང་ཚོ་མང་པོ“གཅིག་སྒྲིལ”གྱི་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་སྔོན་ཆད་ཀྱི་སྲོལ་རྒྱུན་འབྲོག་དུད་ཀྱི་གསོ་བཅོལ་བྱེད་སྟངས་བསྒྱུར་ནས་གཅིག་སྡུད་གསོ་སྐྱོང་བྱེད་བཞིན་ཡོད་ལ། མང་ཚོགས་ཀྱིས་རྩྭ་སའི་འགན་གཙང་ལེན་གྱི་རྣམ་པ་བརྒྱུད་ནས་འབབ་འཕར་མངོན་འགྱུར་བྱུང་ཡོད། མཉམ་ལས་ཁང་གིས་ད་དུང་གྲོང་ལྷན་དྲུག་གི་ནང་གསོ་སྤེལ་ཉམས་མྱོང་ཡོད་པ་དང་། བྱ་སྒྲུབ་ནུས་པ་ཆེ་བའི་མི་གདན་དྲངས་ནས་མཉམ་ལས་ཁང་དུ་དོ་དམ་པ་དང་ཕྱུགས་འཚོ་མཁན། འོ་བཞོ་མཁན་གྱི་འགན་འཁུར་དུ་བཅུག་ནས་འབྲོག་པའི་ཡོང་འབབ་ཇེ་མཐོར་བཏང་།

འགན་ཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། གྲོང་ཚོ་མང་པོ“གཅིག་སྒྲིལ”གྱི་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་འཕེལ་རྒྱས་ལེགས་ཆའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱ་ཆེད། མཉམ་ལས་ཁང་གིས་ཐོན་སྐྱེད་བྱས་པའི་ཤའི་རིགས་དང་ཕྱུགས་ལས་ཐོན་རྫས་ལྷ་ས་དང་རྒྱལ་ལམ314འགྲམ་རྒྱུད་ཀྱི་གྲོང་ཚོར་ཕྱིར་ཚོང་ས་ཚིགས་བཙུགས་ནས་ཕྱིར་ཚོང་བྱས་པ་དང་། ད་དུང་མཉམ་ལས་ཁང་གི་ཁེ་སྤོགས་ཁ་ཤས་ལྟ་ཞིབ་ཚད་ལེན་དུད་ཚང་དང་དབང་བོ་སྐྱོན་ཅན། མཐིལ་རྟོལ་བྱ་ཡུལ་བཅས་ལ་འཚམས་འདྲི་བྱས་ཡོད། འབྲོག་པ་མང་ཚོགས་ཀྱིས་མཉམ་ལས་ཁང་གི་ཁེ་སྤོགས་ལོངས་སྤྱོད་ཐུབ་པ་དང་ཆབས་ཅིག ཚང་མ་གྲོང་ཚོ་རིམ་པའི་མཉམ་ལས་ཁང་འཕེལ་རྒྱས་ནང་ཞུགས་པའི་སྤྲོ་སེམས་འཕེལ་བར་བྱས་ཡོད། །

 
རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།