ཀྲུང་གོ་བོད་ཀྱི་དྲ་བ།

གྲོང་གསེབ་དར་སྤེལ་འཐབ་ཇུས་ཀྱི་ནང་དོན་དང་ལག་བསྟར་བྱེད་ཐབས་ཐད་ཀྱི་བསམ་གཞིག

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2024-01-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ནང་དོན་གནད་བསྡུས། གྲོང་གསེབ་དར་སྤེལ་འཐབ་ཇུས་ནི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པའི“ཞིང་གསུམ”ལས་དོན་ཐད་ལ་དམིགས་པའི་འཐབ་ཇུས་གལ་ཆེན་ཞིག་ཡིན། གཞི་རིམ་གྱི་མང་ཚོགས་དང་ལས་བྱེད་པས་འཐབ་ཇུས་དེའི་ཡང་དག་པའི་དགོངས་དོན་ཐད་གོ་བ་གཏིང་ཟབ་ལོན་མེད་པས། གྲོང་གསེབ་དར་སྤེལ་ལས་དོན་རྒྱུན་མཐུད་ངང་སྤེལ་བར་དཀའ་ངལ་རབ་དང་རིམ་པར་འཕྲད་ཀྱིན་ཡོད། དེ་བས་གུས་མོས་ལག་ལེན་དངོས་ནང་གྲོང་གསེབ་དར་སྤེལ་ལ་གྲུབ་འབྲས་གཡུར་ཟ་སྨིན་པར་ཐབས་འདོན་ཇུས་འབུལ་བྱ་རྒྱུ་ཡིན།

མིང་བརྡ་གཙོ་བོ། གྲོང་གསེབ་དར་སྤེལ་འཐབ་ཇུས། ཞིང་གསུམ་གནད་དོན། ལག་བསྟར་ཐབས་ལམ།

དང་པོ། གྲོང་གསེབ་དར་སྤེལ་འཐབ་ཇུས་ཀྱི་ལོ་རྒྱུས་རྒྱབ་ལྗོངས།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཞིང་ལས་ལ་ཕན་པའི་སྲིད་ཇུས་རབ་དང་རིམ་པ་བཏོན་པ་དང་། གྲོང་གསེབ་ཀྱི་རྣམ་པར་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་སྟེ། གྲོང་གསེབ་ཀྱི་གཞུང་ལམ་དང་ཟམ་པ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སློབ་གསོ། རིག་གནས་འཕྲོད་བསྟེན་བྱ་གཞག་བཅས་ལ་ལེགས་བཅོས་ཆེན་པོ་བྱུང་ཡོད་ཀྱང་། རང་རྒྱལ་གྱི་ཞིང་ལས་གནད་དོན་སྔར་བཞིན་འབུར་ཐོན་ཡིན་པ་དང་། ཞིང་གྲོང་ཉམས་རྒུད་དང་ཞིང་ལས་མཐའ་འདེད། ཞིང་པ་རྒས་འཁོགས་སུ་འགྱུར་བའི་གནད་དོན་གསར་པ་ཐོན་ནས། ཞིང་གསུམ་གྱི་ལས་དོན་ལ་དཀའ་ངལ་རབ་དང་རིམ་པ་འཕྲད་ཀྱིན་ཡོད་པས། དེང་རབས་ཅན་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བྱ་གཞག་ཁྲོད་ཞན་ཆ་ཚབས་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།

དེ་ལྟ་བུའི་དངོས་ཡོད་གནས་ཚུལ་འོག ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་མཐའ་འཁྱོལ་བྱེད་པ་དང་། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པར་དམིགས་པའི་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་འདི་བཏོན་པ་དང་། འཐབ་ཇུས་འདིས་དུས་རབས་གསར་པའི་ནང་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཀྱི་ལྡོག་མེད་བླང་བྱ་མཚོན་ཡོད།

གཉིས་པ། གྲོང་གསེབ་དར་སྤེལ་འཐབ་ཇུས་ཀྱི་ནང་དོན།

གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ཀྱི་ནང་དོན་ཤེས་རྟོགས་དང་ཁོང་དུ་ཆུད་རྒྱུ་ནི། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། གྲོང་གསེབ་དར་སྤེལ་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཞིག་ཡིན།

1.གྲོང་གསེབ་དར་སྤེལ་འཐབ་ཇུས་ཀྱི་གཞི་རྩའི་ནང་དོན་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་ཚན་ཁག་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཐའ་འཁྱོལ་བྱེད་པ་དང་། དུས་རབས་གསར་པའི“ཞིང་གསུམ”གནད་དོན་ལ་དམིགས་ཏེ། རང་རེའི་རྒྱལ་ཁབ་འདི་ཉིད་ཞིང་ལས་རྒྱལ་ཁབ་ཆེན་མོ་དང་ཞིང་ལས་རྒྱལ་ཁབ་སྟོབས་ལྡན་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་ཀྱི་འཐབ་ཇུས་ཤིག་རེད། ཐོག་མར་འཐབ་ཇུས་དེའི་སྣེ་ཁྲིད་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་སྐབས་གསར་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་ཚན་ཁག་ཡིན་པ་དང་། སྐབས་གསར་པའི་མགོ་ཁྲིད་ཚན་ཁག་གིས“ཞིང་གསུམ”ལས་དོན་ཐད“དུས་རབས་གསར་པར་བྱས་རྗེས་གསར་པ་འཇོག་དགོས”ཞེས་པའི་མངོན་སྟངས་ཤིག་རེད། མཇུག་ཏུ་འཐབ་ཇུས་དེས་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་སྐབས་ཀྱི“ཞིང་གསུམ”ལས་དོན་གྱི་བླང་བྱ་གསར་པ་མཚོན་ཡོད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་ལ་དམིགས་པའི་འཐབ་ཇུས་ཤིག་རེད།

2. གྲོང་གསེབ་དར་སྤེལ་འཐབ་ཇུས་ནི་བརྒྱུད་རིམ་ལྡན་པའི་འཐབ་ཇུས་ཀྱི་ལས་དོན་ཞིག་ཡིན་པ་དང་། གྲོང་གསེབ་དར་སྤེལ་འཐབ་ཇུས་ཀྱི་ནང་དོན་གཙོ་བོ་ནི་ཏང་གི“ཞིང་གསུམ”ལས་དོན་ལ་མཐོང་ཆེན་དང་འཐབ་ཇུས་ཀྱི་སྤྱིའི་བླང་བྱ། འགག་རྩའི་བྱེད་ཐབས་བཅས་ཚུད་ཡོད་ཅིང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་དང་། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད། གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་བཅོས་བསྒྱུར་གཏོང་བ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་ལེན་བྱེད་པ། དེང་རབས་ཞིང་ལས་ཀྱི་མ་ལག་ཆེན་པོ་གསུམ་འཛུགས་སྐྲུན་བྱེད་པ། ལྷག་པར་གལ་འགངས་ཆེ་བ་ཞིག་ནི་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱས་ནས། བཟོ་ལས་དེང་རབས་ཅན་དང་ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། གྲོང་རྡལ་ཅན་གྱི་འཕེལ་རྒྱས་དང་སྡེ་བ་དང་གྲོང་རྡལ་ཅན་གྱི་འཕེལ་རྒྱས་སྔར་ལས་མཐུན་སྦྱོར་ཡོང་བ་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་མཉམ་འགུལ་ཡག་པོ་ཡོང་བར་སྐུལ་འདེད་བཏང་སྟེ། གྲོང་གསེབ་སྔར་བས་མཛེས་སྡུག་ལྡན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ཡོང་བ་བྱས་ནས་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་རྒྱུ་དེ་རེད།

གསུམ་པ། གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ཀྱི་ལག་བསྟར་བྱེད་ཐབས།

གྲོང་གསེབ་དར་སྤེལ་འཐབ་ཇུས་ནི་ཚན་རིག་རང་བཞིན་དང་ཆོས་ཉིད་རང་བཞིན་ལྡན་པའི་སྲིད་ཇུས་ཤིག་ཡིན་པས། ལས་དོན་ཆེ་ཕྲ་གང་རིགས་འཕེལ་རྒྱས་སུ་གཏོང་བའི་གོ་རིམ་ཁྲོད། དངོས་ཡོད་གནས་ཚུལ་གང་རུང་ལ་དམིགས་ནས་ཐབས་ལམ་རབ་དང་རིམ་པ་བཏོན་ཡོད་པ་རེད།

1. ཚན་རིག་དང་མཐུན་པའི་མཐོ་རིམ་ཇུས་འགོད་གཙིགས་སུ་འཛིན་དགོས། ཞིང་ལས་དང་གྲོང་གསེབ། ཞིང་པ་བཅས་ཀྱི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་དང་ཁྱད་ཆོས་གསར་པ། གནས་ཚུལ་གསར་པ་དང་ཆོས་ཉིད་གསར་པ་བཅས་ལ་དམིགས་ནས། ཚན་རིག་དང་མཐུན་པའི་གྲོང་གསེབ་དར་སྤེལ་ལྟེ་བ་ཡིན་པའི་མཐོ་རིམ་ཇུས་འགོད་གཙིགས་སུ་འཛིན་དགོས། དེ་ཡང་ཐོག་མར་འཐབ་ཇུས་ཀྱི་ཚན་རིག་རང་བཞིན་དང་སྤྱི་ཡོངས་རང་བཞིན་མངོན་དགོས་པ་དང་། གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པའི་སྤྱིའི་བླང་བྱ་ཡིག་འབྲུ་ཉི་ཤུ་མ་ལྟར། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དངུལ་རྩའི་སྒྲིག་གཞི་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། གཉིས་ནས་མ་ལག་དང་ལྡན་པའི་མཐོ་རིམ་འཆར་གཞི་འགོད་དགོས། འཆར་འགོད་ཀྱིས་འཚམ་མཐུན་རང་བཞིན་དང་མ་ལག་རང་བཞིན། ཆོས་ཉིད་རང་བཞིན་རྒྱུན་འཁྱོངས་བྱས་ཏེ་སྲིད་ཇུས་གཏན་འབེབས་དང་བྱེད་ཐབས་ལག་བསྟར་ཞིབ་ཚགས་དང་གནད་ཁེལ་ཅན་མངོན་འགྱུར་བྱེད་དགོས། གསུམ་ནས་འཛམ་གླིང་ཡོངངས་ཀྱི་མཐོང་རྒྱ་རྒྱུན་འཁྱོངས་བྱེད་དགོས། གྲོང་གསེབ་དར་སྤེལ་གཏོང་བའི་འཆར་འགོད་ནང་རྒྱལ་སྤྱིའི་མིག་རྒྱང་རྒྱུན་འཁྱོངས་བྱས་ནས། གོ་ལ་ཧྲིལ་པོའི་གྲོང་གསེབ་བཅོས་སྐྱོང་མ་ལག་ཁྲོད་ཀྲུང་གོའི་ཇུས་གཞི་དང་ཀྲུང་གོའི་བློ་གྲོས་སྐྱེས་སུ་འབུལ་དགོས།

2. མི་དམངས་མང་ཚོགས་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱེད་དགོས། 2020ལོར་རང་རྒྱལ་གྱིས་དབུལ་ཕོངས་མི་འབོར་ཁྲི་སྟོང་མང་པོ་དབུལ་ཐར་བྱུང་ནས། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་མངོན་འགྱུར་བྱས་ཡོད་པ་དང་། རང་རྒྱལ་གྱི་གྲོང་གསེབ་མི་འབོར་ཤིན་ཏུ་མང་བས། སྒོ་ཀུན་ནས་འཕེལ་རྒྱས་གཏོང་རྒྱུ་སྔར་བཞིན་གནད་དོན་ཆེན་པོ་ཞིག་ཏུ་གྱུར་ཡོད། ཞིང་པ་ནི་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པའི་གྲུབ་ཆ་གཙོ་བོ་ཡིན་པས། གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པར་ཞིང་པ་དུང་ཕྱུར་མང་པོར་བརྟེན་དགོས་ཤིང་། རྒྱ་ཆེའི་ཞིང་པ་མང་ཚོགས་ཀྱི་ཧུར་བརྩོན་དང་རང་འགུལ། གསར་གཏོད་བཅས་ཀྱི་སྙིང་སྟོབས་སྐུལ་སློང་བྱེད་དགོས། གཅིག་ནས་ཞིང་ལས་ལ་རྒྱུས་མངའ་ཡོད་པ་དང་། གྲོང་གསེབ་དང་ཞིང་པར་དགའ་བའི“ཞིང་གསུམ”ལས་དོན་དཔུང་སྡེ་ཞིག་གསོ་སྐྱོང་བྱེད་དགོས། གཉིས་ནས་ལས་དོན་སྤེལ་རིང་ཞིབ་ཚགས་དང་ཏན་ཏིག་གིས་བསྒྲུབས་ནས་གྲོང་གསེབ་དར་སྤེལ་འཐབ་ཇུས་ཀྱི་ཐབས་ལམ་ཁག་དོན་ཐོག་ཏུ་འཁྱོལ་དགོས། གཞན་ཡང་ཚན་རྩལ་གྱི་སྟོབས་ཤུགས་དང་ཁྲོམ་རའི་སྟོབས་ཤུགས་ལ་བརྟེན་ནས། གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པར་འཛད་ཐབས་མེད་པའི་སྒུལ་ཤུགས་བསྩོལ་དགོས།

བཞི་པ། མཇུག་བསྡུའི་གཏམ།

དུས་རབས་གསར་པའི་ལོ་རྒྱུས་ཀྱི་མགོ་ཚུགས་སར་ལངས་ནས། གྲོང་གསེབ་དར་སྤེལ་འཐབ་ཇུས་ཀྱི་ནང་དོན་གཏིང་ཟབ་ཁོང་དུ་ཆུད་པ་ཡིན་ན། ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ལ་ཤེས་རྟོགས་བྱུང་ནས། མགྱོགས་མྱུར་ངང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བ་དང་། རང་རེའི་རྒྱལ་ཁབ་འདི་ཉིད་ཞིང་ལས་ཀྱི་རྒྱལ་ཁབ་ཆེན་པོ་དང་ཞིང་ལས་ཀྱི་སྟོབས་ལྡན་རྒྱལ་ཁབ་ཅིག་ཏུ་འཛུགས་སྐྲུན་བྱེད་པར་ཕྱར་བ་གྲུ་འདེགས་ཀྱི་ནུས་པ་ཐོན་ངེས་ལ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་འགྱུར་བྱེད་པར་སྒུལ་ཤུགས་ཚད་མེད་སྩོལ་གྱིན་ཡོད་པ་རེད། །

ཟུར་བལྟའི་ཡིག་ཆ།

[1] 《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱ་རྒྱུའི་སྐོར་གྱི་བསམ་འཆར།》 [Z] ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། 2018ལོའི་ཟླ1པའི་ཚེས2ཉིན།

[2] ཧུའུ་ཧའེ་ལེའུ། 《དེང་རབས་ཀྲུང་གོའི་གྲོང་གསེབ་བསྐྱར་དར་གྱི་ལམ་བུ།》 [J] མི་དམངས་གླེང་སྟེགས། 2012ལོའི་དེབ383པ།

[3] ཞོའོ་ཧྲི་པིན། དུས་རབས་གསར་པར་གྲོང་གསེབ་དར་སྤེལ་དང་ཐུན་མོང་ཕྱུག་འགྱུར་གྱི་འཕེལ་རྒྱལ་ཞིབ་འཇུག [J] ཞིང་གྲོང་དཔལ་འབྱོར་དང་ཚན་རྩལ། 2023ལོའི་དེབ་གྲངས34པ།

(དཔྱད་རྩོམ་འདི་ནི་བོད་ལྗོངས་མི་རིགས་སློབ་ཆེན་གྱི2022ལོའི་སློབ་གྲྭའི་ཚན་ཞིབ་ལས་གཞི་ཡིན་ལ། ལས་གཞིའི་སྒྲིག་ཨང་ནི22MDY033ཡིན།)

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།