ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཚྭ་ཁ་ཚྭ་མཚོར“འོད་དུམ”སྣང་ཚུལ་ཐོན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2020-01-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2020ལོའི་ཟླ1ཚེས6ཉིན་གྱི་ཞོགས་པའི་ཆུ་ཚོད་དྲུག་པར། མཚོ་སྔོན་ཚྭ་ཁ་ཚྭ་མཚོའི་མཛེས་ལྗོངས་ཁུལ་གྱི་ཉེ་འགྲམ་དུ་རྔམ་བརྗིད་ལྡན་པའི“འོད་དུམ”སྣང་ཚུལ་ཐོན་ཡོད། དེ་ནི་ཚྭ་ཁ་ཚྭ་མཚོར་ངོ་མཚར་ཆེ་བའི་སྣང་ཚུལ་དེ་འདྲ་ཐོན་ཐེངས་དང་པོ་མིན་ལ། 2018ལོའི་ཟླ12ཚེས13ཉིན་དྲ་གྲོགས་ཤིག་གིས་ཀྱང་ངོ་མཚར་ཆེ་བའི་སྣང་ཚུལ་དེ་པར་དུ་བླངས་ཡོད།  

“འོད་དུམ”སྣང་ཚུལ་དེ་ནི་མཐོང་དཀོན་པའི་རང་བྱུང་གི་གནམ་གཤིས་མཛེས་ལྗོངས་ཤིག་ཡིན་ཞིང་། གྲང་ངར་ཆེ་བའི་མཚན་མོར་ད་གཟོད་འབྱུང་སྲིད་། གནམ་གཤིས་ཧ་ཅང་གྲང་དུས། འཁྱགས་དར་དབྱིངས་རིམ་ནས་མར་ལྷུང་སྐབས་སྙོམས་ངོས་ཀྱི་རྣམ་པ་ཆགས་ཐུབ། དབྱིབས་ནི་འཁྱགས་བདར་འགའ་དང་འདྲ་ལ། འཁྱགས་བདར་ལྡོག་འཕྲོའི་འོད་ནི་ཧ་ལམ་དྲང་འཕྱང་ཡིན། གློག་འོད་དང་ཡང་ན་རང་བྱུང་འོད་དེ་མཁའ་དབུགས་ཁྲོད་ཀྱི་འཁྱགས་བདར་ངོས་སུ་ལྡོག་འཕྲོ་དང་དཀྱོག་འཕྲོ་བྱས་རྗེས། “འོད་དུམ”གྱི་སྣང་ཚུལ་ཐོན་སྲིད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།