རེན་ཞིན་རྨིན།
རེན་ཞིན་རྨིན། ཨན་ཧུའེ་ཞིང་ཆེན་ཉིང་གོ་གྲོང་ཁྱེར་གྱི་མི་ཡིན། ཁོང་ནི་མཁའ་སྐྱོད་ལག་རྩལ་དང་གཤེར་གཟུགས་མེ་ཤུགས་འཕུར་མདའི་ཤེད་འཕྲུལ་ལག་རྩལ་གྱི་ཆེད་མཁས་པ་ཡིན། 1940ལོར་ཁྲུང་ཆིང་དམག་སྲིད་པུའུ་ཡི་མཚོན་ཆ་བཟོ་ལས་སློབ་གྲྭའི་སློབ་ཆེན་སྡེ་ཁག་ནས་མཐར་ཕྱིན། 1945ལོར་ཨ་མེ་རི་ཁའི་སྨི་ཞེ་ཀེན་སློབ་ཆེན་གྱི་ཞིབ་འཇུག་གླིང་དུ་སློབ་སྦྱོང་བྱས་པ་དང་། སྔ་རྗེས་སུ་འཕྲུལ་ཆས་བཟོ་སྐྲུན་གྱི་རབ་འབྱམས་པ་དང་བཟོ་སྐྲུན་ཤུགས་རིག་གི་འབུམ་རམས་པའི་སློབ་གནས་བླངས། 1949ལོའི་ཟླ8པར་རྒྱལ་ནང་དུ་ལོག སྔོན་ཆད་མཁའ་འགྲུལ་བཟོ་ལས་པུའུ་བདུན་པའི་པུའུ་ཀྲང་གཞོན་པ་དང་། མཁའ་འགྲུལ་བཟོ་ལས་པུའུ་ཡི་ཚན་རིག་ལག་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། མཁའ་འགྲུལ་མཁའ་སྐྱོད་པུའུ་ཡི་མཐོ་རིམ་ལག་རྩལ་བློ་འདོན་པ་བཅས་ཀྱི་འགན་ཁུར་མྱོང་། 1980ལོར་ཀྲུང་གོའི་ཚན་རིག་ཁང་གི་རིག་ཁག་གི་ཨུ་ཡོན(ཡོའན་ཧྲི) ལ་བདམས། ཁོང་ནི་ཀྲུང་གོའི་གཤེར་གཟུགས་འཕུར་མདའི་དུས་རིམ་དང་པོ་དང“རྒྱང་སྐྱོད་ཨང་དང་པོའི”སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་སྤྱི་ཁྱབ་ཇུས་འགོད་པ། ཀྲུང་གོའི་འཕྲིན་གཏོང་འཁོར་སྐར་ལས་གཞིའི་སྤྱི་ཁྱབ་ཇུས་འགོད་པ། གནམ་གཤིས་འཁོར་སྐར་ལས་གཞིའི་སྤྱི་ཁྱབ་ཇུས་འགོད་པ། ཕྱི་སྐར་འཕེན་གཏོང་ལས་གཞིའི་སྤྱི་ཁྱབ་ཇུས་འགོད་པ་བཅས་ཡིན། ཁོང་དང་ཐུའུ་ཧྲོའུ་ཨོ། ཧོང་ཝུའེ་ལུའུ། ལིའང་ཧྲོའུ་ཕན་བཅས་ལ“ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཀྱི་རྒན་པ་བཞི”ཞེས་འབོད་ཅིང་། ཁོང་ནི་ཀྲུང་གོའི“མདེལ་གཉིས་སྐར་གཅིག”གི་མཛད་རྗེས་གཟེངས་རྟགས་ཐོབ་མཁན་དང་། རྒྱལ་སྤྱིའི་འཇིག་རྟེན་འཕུར་སྐྱོད་སློབ་གླིང་གི་ཡོན་ཧྲི། རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཡར་ཐོན་དམིགས་བསལ་བྱ་དགའ་གཉིས་ཀྱི་ཐོབ་མཁན་བཅས་ཡིན། །