ཀྲུང་གོ་བོད་ཀྱི་དྲ་བ།

“མདེལ་གཉིས་སྐར་གཅིག”ལ་མཛད་རྗེས་ཆེ་བའི་ཚན་རིག་པ_སུན་ཅ་ཏུན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-09-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སུན་ཅ་ཏུན།

སུན་ཅ་ཏུན། རང་རྒྱལ་གྱི་འཁོར་སྐར་ལས་དོན་དང་མཁའ་དབྱིངས་འཚོལ་ཞིབ་ལས་དོན་གྱི་གསར་གཏོད་པ་ཡིན་པའི་ཆ་ནས། སུན་ཅ་ཏུན་ལ་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཀྱི“སྤྱི་ཁྱབ་སློབ་དཔོན་ཆེན་པོ”ཞེས་འབོད་བཞིན་ཡོད་དེ། ཁོང་ནི་ཀྲུང་གོའི་འཕུར་མདའ་སྤྱི་ཁོག་དང་པོ་དང་། མི་བཟོས་སའི་གོ་ལའི་འཁོར་སྐར་དང་པོ། ཚན་རིག་ཚོད་ལྟའི་འཁོར་སྐར་དང་པོ། ཕྱིར་ལོག་རྣམ་པའི་རྒྱང་ཚོར་འཁོར་སྐར་ལག་རྩལ་གྱི་སྤྱི་ཁྱབ་འགན་འཁུར་བ་དང་སྤྱི་ཁྱབ་ཇུས་འགོད་པ་དང་པོ་བཅས་ཡིན། དེ་མིན་ཀྲུང་གོའི་འཕྲིན་གཏོང་འཁོར་སྐར་དང་པོ་དང་འཁོར་ལམ་འགྱུར་མེད་ཀྱི་གནམ་གཤིས་འཁོར་སྐར། ཐོན་ཁུངས་འཚོལ་ཞིབ་ཚད་ལེན་འཁོར་སྐར། བྱང་སྐར་དང་པོའི་ལས་གཞི་དང་ཀྲུང་གོའི་ཟླ་དཔྱད་དུས་ཐེངས་དང་པོའི་ལས་གཞི་བཅས་ཀྱི་སྤྱི་ཁྱབ་ཇུས་འགོད་པ། ཀྲུང་གོ་ཚན་རིག་ཁང་གི་རིག་ཁག་ཨུ་ཡོན(ཡོའན་ཧྲི)། ཀྲུང་གོའི“མདེལ་གཉིས་སྐར་གཅིག”གི་བྱས་རྗེས་གཟེངས་རྟགས་ཐོབ་མཁན། རྒྱལ་ཁབ་ཀྱི་ཚན་རྩལ་བྱ་དགའ་མཐོ་ཤོས་ཐོབ་མཁན། ཀྲུང་གོའི2016ལོའི་ལོ་འཁོར་གྱི་སེམས་འགུལ་ཐེབས་པའི་མི་སྣ”བཅས་ཀྱང་ཡིན། “ཤར་ཕྱོགས་དམར་པོའི་ཨང་དང་པོ”ནས་ཟླ་བའི་ལྷ་མོ་ཨང་དང་པོ་བར་དང་། དེ་ནས“རླུང་སྤྲིན་གནམ་གཤིས”ནས“བྱང་སྐར་ཕྱོགས་སྟོན”བར་གྱི་རྒྱབ་ཏུ་ནམ་ཡང་སུན་ཅ་ཏུན་གི་གཟུགས་བརྙན་མཐོང་རྒྱུ་ཡོད།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།