ཀྲུང་གོ་བོད་ཀྱི་དྲ་བ།

“མདེལ་གཉིས་སྐར་གཅིག”ལ་མཛད་རྗེས་ཆེ་བའི་ཚན་རིག་པ_ཀྲུའུ་ཀོང་ཡ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-09-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུའུ་ཀོང་ཡ།

ཀྲུའུ་ཀོང་ཡ། ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་གྱི་མི་ཡིན། ཀྲུང་གོའི་ཉིང་རྡུལ་ཚན་རིག་ལས་དོན་གྱི་གསར་གཏོད་མཁན་གཙོ་བོའི་གྲས་དང་། “མདེལ་གཉིས་སྐར་གཅིག”གི་བྱས་རྗེས་གཟེངས་རྟགས་ཐོབ་མཁན་ཡིན། “ཀྲུང་གོར་སེམས་འགུལ་ཐེབས་པ་ཞེས་པའི2011ལོའི་ལོ་འཁོར་གྱི་མི་སྣར”བདམས། 1950ལོར་ཨ་རིའི་སྨི་ཀྲི་ཨན་སློབ་ཆེན་གྱི་འབུམ་རམས་པའི་མིང་བཏགས་ཐོབ་ཅིང་། ལོ་དེར་ཕྱིར་རྒྱལ་ནང་དུ་ལོག 1956ལོའི་ཟླ4པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས་པ་དང་། 1970ལོའི་ཟླ6པར་དམག་ཁོངས་སུ་ཞུགས། ཀྲུའུ་ཀོང་ཡ་ནི་ཀྲུང་གོའི་མ་རྡུལ་འབར་མདེལ་དང་ཆིང་མདེལ་གྱི་ཚན་རྩལ་འགག་སྒྲོལ་རྩ་འཛུགས་ཀྱི་མགོ་ཁྲིད་པའི་གྲས་ཤིག་ཡིན་ལ། ཀྲུང་གོའི་མ་རྡུལ་འབར་མདེལ་དང་ཆིང་མདེལ་ཚོད་ལྟ་དང་ཞིབ་འཇུག་གསར་བཟོ་བྱ་བའི་ཁྲོད་ཞུགས། དེ་རྗེས་ཉིང་རྡུལ་གློག་འདོན་ས་ཚིགས་གྲབས་འཛུགས་དང་། ཉིང་རྡུལ་འབར་རྫས་ཐོན་སྐྱེད་དང་འགྱེད་འཕྲོ་ཅན་གྱི་གནས་མཐུན་གཞི་རྒྱུ་བེད་སྤྱོད་སོགས་ཀྱི་རྣམ་གྲངས་ལ་ཞིབ་འཇུག་གསར་སྤེལ་གྱི་འཆར་གཞི་ལག་བསྟར་དང་རྩ་འཛུགས་བྱས་པ་མ་ཟད། “863”འཆར་གཞི་གཏན་འབེབས་དང་ལག་བསྟར་གྱི་བྱ་བའི་ནང་ཞུགས། དེ་མིན་ཀྲུང་གོའི་བཟོ་སྐྲུན་གླིང་གི་གྲབས་འཛུགས་བྱ་བར་ཞུགས་ཏེ། ཀྲུང་གོའི་ཉིང་རྡུལ་ཚན་རྩལ་ལས་དོན་དང་རྒྱལ་སྲུང་ཚན་རྩལ་ལས་དོན་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་གལ་ཆེན་བཞག ཀྲུའུ་ཀོང་ཡ་ལ་རྒྱལ་ཁབ་ཚན་རིག་ལག་རྩལ་ཡར་ཐོན་གྱི་བྱ་དགའ་ཐེངས་གཉིས་དང་། ཧོ་ལིའང་ཧོ་ལི་ཐེབས་རྩའི་ཚན་རིག་དང་ལག་རྩལ་གྲུབ་འབྲས་ཀྱི་བྱ་དགའ་བཅས་ཐོབ། །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།