ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྐྱེ་ཁམས་ཉིན་མོར“མཐོ་སྒང་གི་རྣམ་ཤེས”བརྟན་སྲུང་བྱེད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-09-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཡིན་པས་ངོས་ནས། རང་རྒྱལ་དང་ཐ་ན་འཛམ་གླིང་ཡོངས་ཀྱི་སྐྱེ་ཁམས་བདེ་འཇགས་ཁྲོད་ནུས་པ་གལ་ཆེན་འདོན་བཞིན་ཡོད། ཉེ་བའི་ལོ་ཤས་རིང་ལ་བོད་ལྗོངས་ཀྱིས་རྒྱུན་མཐུད་ངང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་རྒྱུན་མཐུད་ཅན་གྱི་འཕེལ་རྒྱས་ལ་ཤུགས་སྣོན་བྱས་ཏེ། རི་སྐྱེས་སྲོག་ཆགས་གཙོད་འཐུས་ཚབ་ཡིན་པའི་དངོས་རིགས་གལ་ཆེན་གྱི་ཕྱི་རོལ་ཁྱུ་ཚོགས་གྲངས་འབོར་སླར་གསོའི་ཐད་ཕན་འབྲས་མངོན་གསལ་ཐོབ།


2024ལོའི་ཟླ6པའི་ཚེས15ཉིན། ཞོགས་པར་ཁ་བ་བབས་རྗེས་སུ་བོད་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་གཙོད་ཁྱུ་སྐོར་ཞིག་རྒྱུ་བཞིན་པ།

“མཐོ་སྒང་གི་རྣམ་ཤེས”ཞེས་འབོད་པའི་རི་སྐྱེས་སྲོག་ཆགས་གཙོད་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཡིན་ལ། གཙོ་བོ་མཚོ་སྔོན་གྱི་ཨ་ཆེན་གངས་རྒྱབ་དང་བོད་ལྗོངས་བྱང་ཐང་། ཞིན་ཅང་ཨར་ཅིན་ཧྲན་སོགས་ཀྱི་རང་བྱུང་ཁུལ་དུ་ཁྱབ་ཡོད་པས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་མ་ལག་རྒྱུན་འཁྱོངས་དོ་མཉམ་ཁྲོད་ནུས་པ་གལ་ཆེན་འདོན་བཞིན་ཡོད།


འདི་ནི2024ལོའི་ཟླ6པའི་ཚེས16ཉིན། བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་སྨད་པ་ཤང་ལུག་ཁྱུ་ཐང་ནས་པར་བླངས་པའི་གཙོད་མ་བུ་གཉིས་ཡིན།

བོད་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་བོད་ལྗོངས་བྱང་རྒྱུད་དུ་གནས་ཤིང་། དེ་ནི་ཡངས་ཤིང་རྒྱ་ཆེ་བ་དང་། ལྟེ་གནས་ཁུལ་དེ་མིའི་རིགས་འགུལ་སྐྱོད་ཁྱབ་ཁོངས་དང་སྤྱི་ལེ་བརྒྱ་ཕྲག་གི་བར་ཐག་ཡོད། གནས་དེ་ནི་མྱ་ངན་ཐང་ཞིག་ཡིན་ལ་ཆ་སྙོམས་ས་བབ་སྨི4500ཡན་ཟིན་ནས་དབྱར་གཞུང་དུ་ཡང་ཁ་བ་འབབ་པ་རེད། གནས་དེ་ནི་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་རྒྱས་པའི་ས་ཁུལ་ཞིག་ཀྱང་ཡིན་པས་དེར་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་རིགས10དང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་རིགས21འཚོ་སྡོད་བྱས་པས“རི་སྐྱེས་སྲོག་ཆགས་ཀྱི་ཞིང་ཁམས”ཞེས་འབོད།


འདི་ནི2022ལོའི་ཟླ7པའི་ཚེས17ཉིན། བོད་ལྗོངས་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་མངའ་ཁོངས་སུ་པར་བླངས་པའི་གཙོད་ཁྱུ་ཡིན། 


འདི་ནི2024ལོའི་ཟླ6པའི་ཚེས13ཉིན་པར་བླངས་པའི་བོད་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་རྒྱུག་བཞིན་པའི་གཙོད་ཁྱུ་ཡིན།


འདི་ནི2024ལོའི་ཟླ5月བའི་ཚེས10ཉིན། རི་སྐྱེས་སྲོག་ཆགས་ཆེད་མཁས་དོ་དམ་སྲུང་སྐྱོང་མི་སྣས་བོད་བྱང་ཐང་རང་བྱུང་སྲུང་སྐྱོང་ཁུལ་ནས་མེ་བཏང་ནས་དྲོད་ལེན་བཞིན་པའི་ཚུལ་ཡིན།


འདི་ནི2024ལོའི་ཟླ6པའི་ཚེས14ཉིན། རི་སྐྱེས་སྲོག་ཆགས་ཆེད་མཁས་དོ་དམ་སྲུང་སྐྱོང་མི་སྣས་བོད་བྱང་ཐང་རང་བྱུང་སྲུང་སྐྱོང་ལྟེ་གནས་ཁུལ་ནས་རྨས་སྐྱོན་ཕོག་པའི་གཙོད་མོ་ཞིག་ལ་བདག་སྐྱོང་བྱེད་བཞིན་པའི་ཚུལ་ཡིན།


འདི་ནི2024ལོའི་ཟླ6པའི་ཚེས14ཉིན། བོད་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རི་སྐྱེས་སྲོག་ཆགས་དོ་དམ་སྲུང་སྐྱོང་མི་སྣས་གཙོད་མ་བུ་གཉིས་ཕྱི་རོལ་དུ་གཏོང་བའི་ཚུལ་ཡིན།

2015ལོ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཀྱི་སྔ་རྗེས་སུ་བོད་བྱང་ཐང་ནས་རི་སྐྱེས་སྲོག་ཆགས་དོ་དམ་སྲུང་སྐྱོང་ས་ཚིགས73བཙུགས་པ་དང་། མིག་སྔར་ས་ཚིགས་སུ་རི་སྐྱེས་སྲོག་ཆགས་ཆེད་མཁས་དོ་དམ་སྲུང་སྐྱོང་མི་སྣ780ཡོད། 2016ལོ་ནས2023ལོའི་བར་དུ་བོད་ལྗོངས་ཀྱིས་ལོ་རེར་ཆ་སྙོམས་སྐྱེ་ཁམས་ལས་གནས་ཁྲི50མཁོ་འདོན་བྱས་པ་དང་ལོ་རེར་མི་རེར་ཆ་སྙོམས་ཀྱི་ཡོང་འབབ་སྒོར3500འཕར་སྣོན་བྱུང་།


འདི་ནི2023ལོའི་ཟླ12པའི་ཚེས17ཉིན། རི་སྐྱེས་སྲོག་ཆགས་དོ་དམ་སྲུང་སྐྱོང་མི་སྣ་གཉིས་ཀྱིས་སྦག་སྦག་འཁོར་ལོར་ཞོན་ནས་གཙོད་ཁྱུའི་གནས་ཚུལ་ལ་ལྟ་རུ་འགྲོ་བའི་ཚུལ་ཡིན།


འདི་ནི2024ལོའི་ཟླ5བའི་ཚེས7ཉིན། རི་སྐྱེས་སྲོག་ཆགས་ཆེད་མཁས་དོ་དམ་སྲུང་སྐྱོང་མི་སྣས་སྐོར་ཞིབ་ལམ་བར་དུ་པར་རྒྱག་པའི་ཚུལ་ཡིན།


འདི་ནི2024ལོའི་ཟླ5月བའི་ཚེས10ཉིན། བོད་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ནོར་བུ་གཡུ་རྒྱན་དོ་དམ་ས་ཚིགས་ཀྱི་ཀྲན་ཀྲང་སྐལ་བཟང་ལྷུན་གྲུབ་ཀྱིས(གཡས་གཉིས)རུ་མི་ཚོ་དང་མཉམ་དུ་འཕུར་གྲུ་པར་ཆས་སྤྱད་དེ་གཙོད་ཁྱུའི་གནས་ཚུལ་ལ་ལྟ་བཞིན་པའི་ཚུལ་ཡིན།


འདི་ནི2024ལོའི་ཟླ7པའི་ཚེས13ཉིན། བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་དོ་དམ་ས་ཚིགས་ཞིག་ནས་པར་བླངས་པའི་གཙོད་དཀར་པོའི་གཙོད་ཕྲུག་ཞིག་ཡིན།

བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གིས2024ལའི་ཟླ6པའི་ཚེས5ཉིན་ཁྱབ་བསྒྲགས་བྱས་པའི《2023བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་སྤྱི་བསྒྲགས》ལས་མངོན་པ་ལྟར་ན། བོད་ལྗོངས་མངའ་ཁོངས་སུ་ཡོད་པའི་གཙོད་ཁྱུ་གྲངས་འབོར་མིག་སྔར་ཁྲི30ཟིན་པ་དང་། སྲུང་སྐྱོང་རིམ་པ་ཡང་སྔོན་ཆད་ཀྱི“ཚར་ཉེན་ཆེ་བའི”ཚད་ནས“ཚར་ལ་ཉེ་བའི་དངོས་རིགས”ཚད་དུ་ཆག་ཡོད།


འདི་ནི2024ལོའི་ཟླ5བའི་ཚེས10ཉིན། བོད་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནས་པར་བླངས་པའི་གཙོད་ཁྱུ་ཡིན།


འདི་ནི2024ལོའི་ཟླ6པའི་ཚེས16ཉིན། བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་སྨད་པ་ཤང་ལུག་ཁྱུ་ཐང་ནས་པར་བླངས་པའི་གཙོད་མོ་ཡིན།

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།