ཀྲུང་གོ་བོད་ཀྱི་དྲ་བ།

ས་སྲོད་ཀྱི་ཚྭ་ཁ་ཚྭ་མཚོའི་མཛེས་ལྗོངས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-08-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ས་སྲོད་དུས་ཀྱི་ཚྭ་ཁ་ཚྭ་མཚོ་ལྗོངས་ཁུལ་གྱི་མཚམས་སྤྲིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། པར་ལེན་རྒྱུ་དགའ་མཁན་ཞིག་གིས་ཚྭ་ཁ་ཚྭ་མཚོ་ལྗོངས་ཁུལ་ནས་མཛེས་ཤིང་སྡུག་པའི་ས་སྲོད་ཀྱི་མཚམས་སྤྲིན་པར་བླངས་ཤིང་། ཉི་མ་ནུབ་ཁ་གནམ་སྔོན་པོ་དང་སྤྲིན་དཀར་པོའི་ཁ་མདོག་རིམ་བཞིན་འགྱུར་ནས་མཁའ་དབྱིངས་ནི་དངོས་གནས་ཁ་མདོག་རྣམ་པར་བཀྲ་བའི་སྣུམ་ཚོན་རི་མོ་བྲིས་པ་ཞིག་དང་འདྲ་བ་རེད། །


ས་སྲོད་དུས་ཀྱི་ཚྭ་ཁ་ཚྭ་མཚོ་ལྗོངས་ཁུལ་གྱི་མཚམས་སྤྲིན།


ས་སྲོད་དུས་ཀྱི་ཚྭ་ཁ་ཚྭ་མཚོ་ལྗོངས་ཁུལ་གྱི་མཚམས་སྤྲིན།


ས་སྲོད་དུས་ཀྱི་ཚྭ་ཁ་ཚྭ་མཚོ་ལྗོངས་ཁུལ་གྱི་མཚམས་སྤྲིན།

ཚྭ་ཁ་ཚྭ་མཚོ་ལྗོངས་ཁུལ་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཝུའུ་ལན་རྫོང་ཚྭ་ཁ་གྲོང་རྡལ་དུ་གནས་ཤིང་། གནས་དེ་ནི་ཀྲུང་གོའི་ཚྭ་རིག་གནས་འབྱུང་ཡུལ་གྲས་ཞིག་ཡིན་པས་གནའ་ནས་ནུབ་ཕྱོགས་ཕོ་བྲང་གི་ཚྭ་རྫིང་ཞེས་འབོད་ཀྱིན་ཡོད།


ཡུལ་སྐོར་པ་ཚྭ་ཁ་ཚྭ་མཚོ་ལྗོངས་ཁུལ་དུ་ཡོད་པ།


ཡུལ་སྐོར་པ་ཚྭ་ཁ་ཚྭ་མཚོ་ལྗོངས་ཁུལ་དུ་ཡོད་པ།

ཚྭ་ཁ་ཚྭ་མཚོ་ནི་སྲ་གཟུགས་དང་གཤེར་གཟུགས་མཉམ་དུ་གནས་པའི་ཚྭ་མཚོ་ཡིན་ལ། དེ་ནི་གངས་རི་དང་རྩྭ་ཐང་བར་བརྒྱན་པ་དང་འདྲ་བར་ཚྭ་མཚོའི་ཆུ་ཁོངས་རྒྱ་ཆེ་ཞིང་དངུལ་མདོག་གི་རྦ་རླབས་གཡོ་བས་གནམ་སྔོན་པོ་དང་སྤྲིན་དཀར་པོ་འོག་ཏུ་གངས་རིའི་གྲུབ་གཟུགས་མཚོ་ནང་དུ་འཆར་ནས་རི་མོ་ལྟར་མཛེས། ཚྭ་ཡི་འཇིག་རྟེན་ནང་བསྐྱོད་དེ་མཚོ་ངོས་སུ་དལ་གྱིས་རྒྱུ་དུས་སྤྲིན་རྩེ་རུ་འགྲོ་བ་དང་མཚུངས་པ་དང་། ཆུ་ནང་དུ་གནམ་སྔོན་པོ་འཆར་བ་དང་མཁའ་དབྱིངས་ནི་ས་གཞི་དང་ཡོངས་སུ་སྦྲེལ་པ། མི་ནི་མཚོ་ངོས་སུ་བསྐྱོད་ཚེ་རི་མོ་ནང་དུ་རྒྱུ་པ་དང་མཚུངས་པས“ཀྲུང་གོའི་ནམ་མཁའི་མེ་ལོང”ཞེས་བརྗོད་ཀྱིན་ཡོད།


ཡུལ་སྐོར་པ་ཚྭ་ཁ་ཚྭ་མཚོ་ལྗོངས་ཁུལ་དུ་ཡོད་པ།


ཡུལ་སྐོར་པ་ཚྭ་ཁ་ཚྭ་མཚོ་ལྗོངས་ཁུལ་དུ་ཡོད་པ།


ཡུལ་སྐོར་པ་ཚྭ་ཁ་ཚྭ་མཚོ་ལྗོངས་ཁུལ་དུ་ཡོད་པ།


ཡུལ་སྐོར་པ་ཚྭ་ཁ་ཚྭ་མཚོ་ལྗོངས་ཁུལ་དུ་ཡོད་པ།

2024ལོར། ཚྭ་ཁ་ཚྭ་མཚོ་ལྗོངས་ཁུལ་གྱིས“སྒོ་འཛིན་གཅིག་ཉིན་གཉིས་ལ་སྤྱོད་ཆོག་པའི”སྲིད་ཇུས་བཏོན་པས། ཡུལ་སྐོར་པས་གནམ་མཁའི་མཐའ་མཚམས·ཚྭ་ཁ་ཚྭ་མཚོ་ལྗོངས་ཁུལ་གྱི་སྒོ་འཛིན་ཉོས་ན་ཞིབ་བཤེར་བྱས་པའི་ཉིན་ནས་ཉིན་གཉིས་ལ་ལྗོངས་ཁུལ་ནང་བསྐྱོད་དེ་ལྗོངས་གཟིགས་བྱས་ཆོག་པ་རེད། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།