ཀྲུང་གོ་བོད་ཀྱི་དྲ་བ།

ཧུང་ཡོན་བརླན་ས་རུ་དབྱར་སྒྲོལ་པའི་ཁྲུང་ཁྲུང་སྐེ་ནག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-07-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས15ཉིན། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་ཧུང་ཡོན་རྫོང་གི་དཀར་ཆུ་འབབ་རྒྱུད་བརླན་ས་རུ་ཁྲུང་ཁྲུང་སྐེ་ནག་གཉིས་ཀྱིས་རང་གི་བྱ་ཕྲུག་ཁྲིད་དེ་ཁ་ཟས་འཚོལ་ཞིང་ངལ་གསོ་བཞིན་ཡོད།


བརླན་སའི་ཁྲུང་ཁྲུང་སྐེ་ནག


ཁྲུང་ཁྲུང་སྐེ་ནག་བརླན་ས་རུ་ཡོད་པ།

ཡུན་རིང་བོར་ཁྲུང་ཁྲུང་སྐེ་ནག་པར་ལེན་མཁན་ཞེ་ཧུང་ཁྲེན་གྱིས་གསར་འགོད་པར། ལྟ་ཞིབ་བྱས་པ་བརྒྱུད་མིག་སྔར་བརླན་ས་དེ་རུ་ཁྲུང་ཁྲུང་སྐེ་ནག་གི་བྱ་ཕྲུག་གཉིས་ཡོད་པ་སོ་སོ་རང་གི་ཁྱིམ་ནས་འཚར་ལོངས་བྱེད་བཞིན་ཡོད་ཟེར།


ཁྲུང་ཁྲུང་སྐེ་ནག་ཞིག་གིས་རང་གི་བྱ་ཕྲུག་ཁྲིད་དེ་ཁ་ཟས་འཚོལ་བཞིན་པ།


བྱ་ཕྲུག་བརླན་ས་ནས་ངལ་གསོ་བཞིན་པ།

ཁྲུང་ཁྲུང་སྐེ་ནག་ནི་འཛམ་གླིང་སྟེང་སྟོངས་ལ་ཉེ་བའི་འདབ་ཆགས་རྩ་ཆེན་རིགས་ཡིན་ཞིང་། གཙོ་བོ་ས་བབ2500ནས5000བར་གྱི་ས་ཁུལ་དུ་འཚོ་སྡོད་བྱེད་བཞིན་ཡོད།

རྒྱུས་ལོན་ལྟར་ན། ལོ་རེའི་ཟླ6པ་ནས7པ་བར་ནི་ཁྲུང་ཁྲུང་སྐེ་ནག་དང་ཆུ་བྱ་སོགས་མཐོ་སྒང་དུ་ཁྱད་དུ་ཡོད་པའི་འདབ་ཆགས་རིགས་ཀྱིས་བཟའ་ཟླ་འཚོལ་བ་དང་སྒོ་ང་གཏོང་བ། བྱ་ཕྲུག་རུམ་པའི་གནད་འགག་གི་དུས་ཡིན། ཟླ10བ་ནས་ཟླ11པའི་ཟླ་སྨད་སླེབས་ཚེ་འདབ་ཆགས་དེ་དག་ཁྱིམ་ཚང་གང་བོ་དགུན་སྒྲོལ་གནས་སུ་འཕུར་འགྲོ་བ་རེད། ཁོར་ཡུག་ལེགས་བཅོས་དང་མི་རྣམས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་མཐོ་རུ་ཕྱིན་པ་དང་བསྟུན། ཧུང་ཡོན་རྫོང་ནི་འདབ་ཆགས་རྩ་ཆེན་རིགས་རྒྱུད་སྤེལ་ས་དང་འཚོ་སྡོད་བྱེད་སའི་གནས་མཆོག་ཏུ་གྱུར་ཡོད། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།