ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་སྣེ་གདོང་དུ་ལྷ་མོ་ཟློས་གར་ལ་གསོན་ཤུགས་རྒྱས་ནས་གྲོང་གསེབ་ཕྱུག་འགྱུར་བྱུང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-07-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འདི་ནི་ཟླ6པའི་ཚེས24ཉིན་པར་བླངས་པའི་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་ཧྲིལ་བོའི་མཛེས་ལྗོངས་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བཀྲ་ཤིས་མཆོད་རྟེན་གཞིས་ཁུལ་ནི་ཉག་ཆུ་བཀྲ་ཤིས་ཞོགས་པ་ལྷ་མོ་ཟློས་གར་རྐྱེན་གྱིས་མིང་དུ་གྲགས་པ་དང་། དེ་ནི་ལོ་ངོ600རིང་གི་ལོ་རྒྱུས་ལྡན་པའི་ཟློས་གར་རིགས་ཤིག་ཡིན།

2020ལོར། ས་གནས་ལྷ་མོ་ཟློས་གར་རིག་གནས་ཐོན་ཁུངས་ལ་བརྟེན་ནས། ཧུའུ་པེ་བོད་སྐྱོར་དང་སྣེ་གདོང་ཆུས་ཀྱིས་མ་དངུལ་སྒོར5000བཏང་ནས། བཀྲ་ཤིས་མཆོད་རྟེན་གཞིས་ཁུལ་གྱི་འཚོ་སྡོད་ཁོར་ཡུག་དང་ཁྱད་ལྡན་ཁྱིམ་ཚང་མགྲོན་ཁང་བཏོད་པ་དང་། གྲོང་གསེབ་ཡུལ་སྐོར་བརྒྱུད་དེ་གསོན་ཤུགས་གསར་བ་རྒྱས་པ་རེད། 2020ལོའི་ཟླ6པ་ནས་ད་ལྟའི་བར་དུ་གཞིས་ཁུལ་དེས་བསྡོམས་པས་ཡུལ་སྐོར་པ་མི་ཐེངས་ཁྲི7སྣེ་ལེན་བྱས་ཤིང་ཡུལ་སྐོར་ཡོང་འབབ་སྒོར་ཁྲི7བསྐྲུན་ཡོད། །

འདི་ནི་ཟླ6པའི་ཚེས24ཉིན་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི་གྲོང་མི་ཞིག་གིས་རང་ཁྱིམ་ནས་ཡུལ་སྐོར་པ་སྣེ་ལེན་བྱ་རྒྱུ་གྲ་སྒྲིག་བྱེད་བཞིན་པའི་ཚུལ་ཡིན།


འདི་ནི་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི་ཁྱིམ་ཚང་མགྲོན་ཁང་ཞིག་གི་ཁང་བ་ཡིན།


འདི་ནི་ཟླ6པའི་ཚེས24ཉིན་ཡུལ་སྐོར་པས་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཉག་ཆུ་བཀྲ་ཤིས་ཞོགས་པ་ལྷ་མོ་ཟློས་གར་རྟེན་གཞི་རུ་ལྷ་མོ་ཟློས་གར་ལ་གཟིགས་པའི་ཚུལ་ཡིན།


འདི་ནི་ཟླ6པའི་ཚེས24ཉིན་མང་ཚོགས་ཀྱིས་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཉག་ཆུ་བཀྲ་ཤིས་ཞོགས་པ་ལྷ་མོ་ཟློས་གར་རྟེན་གཞི་ནས་སྲོལ་རྒྱུན་གྱི་ཞབས་བྲོ་འཁྲབ་བཞིན་པའི་ཚུལ་ཡིན།


འདི་ནི་ཟླ6པའི་ཚེས24ཉིན་ཡུལ་སྐོར་པས་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི་ཐང་ཆེན་དུ་ཞབས་བྲོ་འཁྲབ་བཞིན་པའི་ཚུལ་ཡིན།


འདི་ནི་ཟླ6པའི་ཚེས24ཉིན་ཡུལ་སྐོར་པས་མེ་ཕུང་ཐང་ཆེན་དུ་ཞབས་བྲོ་ལ་རོལ་མྱོང་བྱེད་བཞིན་པའི་ཚུལ་ཡིན།


འདི་ནི་ཟླ6པའི་ཚེས24ཉིན་ཡུལ་སྐོར་པས་མེ་ཕུང་ཐང་ཆེན་དུ་ཞབས་བྲོ་རོལ་མྱོང་བྱེད་བཞིན་པའི་ཚུལ་ཡིན།

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།