ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས30ཉིན་གྱི་སྔ་དྲོ། G4218གཡག་རྔ་ནས་ཡུས་ཁྲེང་གི་རྒྱལ་ཁབ་ཀྱི་མྱུར་བགྲོད་གཞུང་ལམ་གྱི་ལྷ་ས་ནས་གཞིས་ཀ་རྩེ་གནམ་ཐང་བར་གྱི་ལས་གཞི་འཛུགས་སྐྲུན་ལེགས་འགྲུབ་ཟིན་ནས་རླངས་འཁོར་ཤར་གཏོང་བྱས་པ་དང་རིང་ཚད་ཧྲིལ་བོ་སྤྱི་ལེ167ཡོད།
དེས་ལྷ་ས་གྲོང་ཁྱེར་ནས་གཞིས་ཀ་རྩེ་བར་གྱི་མཐོ་རིམ་གཞུང་ལམ་ལམ་ཐིག་ཧྲིལ་བོར་རླངས་འཁོར་ཤར་གཏོང་བྱས་པ་མཚོན་ཡོད། གྲོང་ཁྱེར་གཉིས་བར་དུ་རྒྱུ་པའི་བགྲོད་ཐག་སྔོན་གྱི་རྒྱལ་ལམG318རྒྱུ་པ་ལས་དུས་ཚོད3ཡས་མས་ཇེ་ཉུང་དུ་ཕྱིན། ལྷ་ས་གྲོང་ཁྱེར་ནས་གཞིས་ཀ་རྩེ་གྲོང་ཁྱེར་བར་གྱི་མཐོ་རིམ་གཞུང་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ245ཟིན་ཞིང་། བོད་ལྗོངས་མཐོ་རིམ་གཞུང་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ1196ཟིན་པ་རེད།
ལྷ་ས་གྲོང་ཁྱེར་ནས་གཞིས་ཀ་རྩེ་མཐོ་རིམ་གཞུང་ལམ་དེ་ལྷ་ས་ནས་གུང་དཀར་གནམ་གྲུ་ཐང་གི་ཆེད་སྤྱོད་གཞུང་ལམ་ཡིན། གཞིས་ཀ་རྩེ་གནམ་གྲུ་ཐང་ནས་གཞིས་ཀ་རྩེ་གྲོང་ཁྱེར་བར་གྱི་རིམ་པ་དང་པོའི་གཞུང་ལམ་ལམ་དུམ་གྱིས་གྲུབ་པ་ཡིན། ཐེངས་འདིར་ཤར་གཏོང་བྱས་པའི་ལྷ་ས་ནས་གཞིས་ཀ་རྩེ་གནམ་གྲུ་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་ནི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”བོད་ལྗོངས་གཞུང་ལམ་འགྲིམ་འགྲུལ་གཙོ་གནད་འཛུགས་སྐྲུན་ལས་གཞིའི་གྲས་ཤིག་ཡིན་ཞིང་། ཕན་ཚུན་ཕྱོགས་པའི་རླངས་འཁོར་རྒྱུག་ལམ་བཞི་ཡོད། །