ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་པོའི་མཛེས་ལྗོངས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-06-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཚོ་སྔོན་པོ་ནི་མཚོ་བོད་མཐོ་སྒང་གི་བྱང་ཤར་རྒྱུད་དུ་གནས་པ་དང་ངོ་མཚར་སྟོང་གིས་ཕྱུག་པའི་ཨིནྡྲ་ནཱི་དང་མཚུངས། སྐྱེ་ཁམས་ཁོར་ཡུག་ཧ་ཅང་བཟང་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་སྲུང་སྐྱོང་བྱེད་བཞིན་ཡོད། གནས་འདིའི་མཐོ་སྒང་གི་སྐྱེ་དངོས་གཞི་རྒྱུ་ཕུན་སུམ་ཚོགས་པ་དང་། འདབ་ཆགས་རྣམས་གནས་འདིར་གནས་སྤོར་དང་ངལ་གསོ། སྐྱེ་འཕེལ་བཅས་བྱེད་བཞིན་ཡོད།

འབབ་རྒྱུད་ནང་རྩྭ་ཐང་དང་ནགས་ཚལ། བྱེ་ཐང་། མཐོ་སྒང་གི་ཆུ་བོ་དང་མཚེའུ། འདམ་ར་སོགས་མཉམ་འདུས་བྱས་པའི་སྐྱེ་ཁམས་མ་ལག་གིས་གདོད་མའི་སྐྱེ་ཁམས་བཟང་པོ་རྒྱུན་འཁྱོངས་བྱས་ཡོད་པ་དང་། རང་བྱུང་སྐྱེ་ཁམས་མ་ལག་གི་རྒྱ་ཁྱོན་གྱིས98.72%ཟིན་ཡོད། 

མཚོ་སྔོན་པོའི་དུས་བཞིའི་མཛེས་ལྗོངས་མི་འདྲ་བ་དང་། ལོ་རེའི་ཟླ4པར་མཚོ་སྔོན་པོའི་མཚོ་དར་ཞུ་མགོ་ཚུགས། དབྱར་དུས་སུ་ཉ་མང་པོ་ཡོད་ཅིང་མི་རྣམས་ཀྱི་ཡིད་དབང་རབ་ཏུ་འཕྲོག སྟོན་དུས་དང་དགུན་དུས་སུ་རི་བོ་དག་དངུལ་གྱིས་བརྒྱན་ཞིང་མཚོ་དར་ཆགས་མགོ་བརྩམས། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།