ཀྲུང་གོ་བོད་ཀྱི་དྲ་བ།

ས་བབ་སྨི4000ལྷག་གི་གནས་སུ་དབྱར་རྩྭ་དགུན་འབུ་བརྐོ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-06-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འདི་ནི་ཟླ5བའི་ཚེས23ཉིན་སི་ཁྲོན་དཀར་མཛེས་ཁུལ་དར་རྩེ་མདོ་ས་བདེ་གྲོང་རྡལ་ནས་པར་བླངས་པའི་ས་གནས་སྡོད་དམངས་ཀྱིས་རི་སྟེང་ནས་ལས་པའི་གནས་སྐབས་ཀྱི་སྡོད་ཁང་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་རེའི་ཟླ5བའི་ཟླ་སྟོད་ནས་ཟླ6པའི་ཟླ་དཀྱིལ་དང་ཟླ་སྨད་བར་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་དབྱར་རྩྭ་དགུན་འབུ་བརྐོ་བའི་དུས་ཚིགས་ཡིན་ལ། དབྱར་རྩྭ་དགུན་འབུ་ནི་ཀྲུང་ལུགས་རྩྭ་སྨན་རྩ་ཆེན་ཡིན་པའི་ངོས་ནས་གསེར་དང་འདྲ་བའི་རིན་ཐང་ལྡན་པ་དང་། རྒྱུན་དུ་ས་བབ་ཅུང་མཐོ་བའི་ས་ཁུལ་གྱི་རི་མཐོན་པོའི་སྤང་ཁུལ་དང་ནགས་གསེང་དུ་སྐྱེས་ཡོད།

ལོ་རེར་དུས་ཚིགས་དེ་སླེབས་ཚེ། དབྱར་རྩྭ་དགུན་འབུ་ཡོད་སའི་སྡོད་དམངས་ཚོ་ས་བབ་སྨི4000ལས་བརྒལ་བའི་རི་སྟེང་དུ་དབྱར་རྩྭ་དགུན་འབུ་བརྐོ་མགོ་རྩོམ་པ་རེད། ཉིན40ལྷག་གི་གནས་ལམ་ཐང་སྟེང་གི་ཕྱི་རོལ་ནས་སྡོད་པ་དེས་ཁྱིམ་ཚང་མང་པོའི་ཡོང་འབབ་གཙོ་བོ་བསྐྲུན།

ཉེ་བའི་ལོ་ཤས་རིང་། དཀར་མཛེས་ཁུལ་གྱི་དབྱར་རྩྭ་དགུན་འབུ་ཡོད་ས་གཙོ་བོ་སྟེ་དར་རྩེ་མདོ་གྲོང་ཁྱེར་ས་བདེ་གྲོང་རྡལ་དུ་ལོ་རེར་དབྱར་རྩྭ་དགུན་འབུ་བརྐོས་ནས་དུད་ཚང་རེར་སྒོར་ཁྲི2ནས6གི་ཡོང་འབབ་བསྐྲུན་པ་རེད། ད་ལོའི་དབྱར་རྩྭ་དགུན་འབུ་བརྐོ་བའི་དུས་ཚིགས་སུ་ས་གནས་སྡོད་དམངས་ཀྱིས་ཀྱང་ས་བདེ་གྲོང་རྡལ་གྱི་རི་སྟེང་དུ་ཉིན་གཅིག་ལ་མི་རེས་དབྱར་རྩྭ་དགུན་འབུ10རེ་ནས30རེ་བརྐོ་ཐུབ། ས་བདེ་གྲོང་རྡལ་དུ་དབྱར་རྩྭ་དགུན་འབུ་ཡི་ཆེ་ཆུང་བཞིན་གཅིག་སྒོར20ནས30ཚོང་བར་བཙོངས་ཐུབ་པ་རེད། །


གྲོང་མི་ཚོས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དར་རྩེ་མདོ་གྲོང་ཁྱེར་ས་བདེ་གྲོང་རྡལ་གྱི་རི་སྟེང་ནས་དབྱར་རྩྭ་དགུན་འབུ་བརྐོ་བཞིན་པ།

གྲོང་མི་དཔའ་མོ་ཆོས་སྒྲོན་གྱིས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དར་རྩེ་མདོ་གྲོང་ཁྱེར་ས་བདེ་གྲོང་རྡལ་གྱི་རི་སྟེང་ནས་དབྱར་རྩྭ་དགུན་འབུ་འཚོལ་བཞིན་པ།


སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དར་རྩེ་མདོ་གྲོང་ཁྱེར་ས་བདེ་གྲོང་རྡལ་གྱི་རི་སྟེང་གི་དབྱར་རྩྭ་དགུན་འབུ།


ས་གནས་གྲོང་མི་ཞིག་གིས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དར་རྩེ་མདོ་གྲོང་ཁྱེར་ས་བདེ་གྲོང་རྡལ་གྱི་རི་སྟེང་ནས་དབྱར་རྩྭ་དགུན་འབུ་བརྐོ་བཞིན་པ།

གྲོང་མི་ཞིག་གིས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དར་རྩེ་མདོ་གྲོང་ཁྱེར་ས་བདེ་གྲོང་རྡལ་གྱི་རི་སྟེང་ནས་བརྐོས་པའི་དབྱར་རྩྭ་དགུན་འབུ་སྒམ་ནང་དུ་འཇོག་པ།

ས་གནས་གྲོང་མི་ཚེ་རིང་དབང་འདུས་ཀྱིས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དར་རྩེ་མདོ་གྲོང་ཁྱེར་ས་བདེ་གྲོང་རྡལ་གྱི་རི་སྟེང་ནས་དབྱར་རྩྭ་དགུན་འབུ་འཚོལ་བཞིན་པ།

ས་གནས་གྲོང་མི་ཉི་མ་ལྷ་མོས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དར་རྩེ་མདོ་གྲོང་ཁྱེར་ས་བདེ་གྲོང་རྡལ་གྱི་རི་སྟེང་ནས་དབྱར་རྩྭ་དགུན་འབུ་འཚོལ་བཞིན་པ།

ས་གནས་གྲོང་མི་ཉི་མ་ལྷ་མོ་དང་ཕུ་བོ་བཀྲ་ཤིས་དབང་ཕྱུག་གཉིས་ཀྱིས་་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དར་རྩེ་མདོ་གྲོང་ཁྱེར་ས་བདེ་གྲོང་རྡལ་གྱི་རི་སྟེང་ནས་དྲོས་ཇ་འཐུང་བཞིན་པ།

ས་གནས་གྲོང་མི་བཀྲ་ཤིས་དབང་སྐྱབས་དང་ཆུང་མ་གཉིས་ཀྱིས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དར་རྩེ་མདོ་གྲོང་ཁྱེར་ས་བདེ་གྲོང་རྡལ་གྱི་རི་སྟེང་ནས་དབྱར་རྩྭ་དགུན་འབུ་འཚོལ་བཞིན་པ།

ས་གནས་གྲོང་མི་བཀྲ་ཤིས་དབང་སྐྱབས་དང་ཆུང་མ་བདེ་སྐྱིད་གཉིས་ཀྱིས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དར་རྩེ་མདོ་གྲོང་ཁྱེར་ས་བདེ་གྲོང་རྡལ་གྱི་རི་སྟེང་ནས་དབྱར་རྩྭ་དགུན་འབུ་འཚོལ་བཞིན་པ།


ས་གནས་གྲོང་མི་བདེ་སྐྱིད་ཀྱིས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དར་རྩེ་མདོ་གྲོང་ཁྱེར་ས་བདེ་གྲོང་རྡལ་གྱི་རི་སྟེང་ནས་དབྱར་རྩྭ་དགུན་འབུ་བརྐོ་བཞིན་པ།


ས་གནས་གྲོང་མི་བཀྲ་ཤིས་དབང་སྐྱབས་ཀྱིས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དར་རྩེ་མདོ་གྲོང་ཁྱེར་ས་བདེ་གྲོང་རྡལ་གྱི་རི་སྟེང་ནས་བརྐོས་པའི་དབྱར་རྩྭ་དགུན་འབུ་སྟོན་བཞིན་པ།


སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དར་རྩེ་མདོ་གྲོང་ཁྱེར་ས་བདེ་གྲོང་རྡལ་གྱི་རི་སྟེང་ནས་ཚོང་བ་ཞིག་གིས་དབྱར་རྩྭ་དགུན་འབུ་བདག་སྐྱོང་བྱེད་བཞིན་པ།


སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དར་རྩེ་མདོ་གྲོང་ཁྱེར་ས་བདེ་གྲོང་རྡལ་ནས་ཚོང་བ་ཞིག་གིས་དབྱར་རྩྭ་དགུན་འབུ་རློན་གཏོང་བྱེད་བཞིན་པ།

སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དར་རྩེ་མདོ་གྲོང་ཁྱེར་ས་བདེ་གྲོང་རྡལ་ནས་ཚོང་བ་ཞིག་གིས་ས་གནས་སྡོད་དམངས་དང་དབྱར་རྩྭ་དགུན་འབུ་ཡི་རིན་གོང་སྟོན་བཞིན་པ།

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།