ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླའི་རྩྭ་ཐང་གི་མེ་ཏོག་སྣ་ཚོགས་རབ་ཏུ་བཞད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-06-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་རེའི་ཟླ5བའི་ཟླ་སྨད་ནས་ཟླ6པའི་ཟླ་དཀྱིལ་དུ་སེམས་ཀྱི་ཉི་ཟླའི་རྩྭ་ཐང་གི་མེ་ཏོག་སྣ་ཚོགས་རབ་ཏུ་བཞད་ཅིང་། ཁ་མདོག་རྣམ་པར་བཀྲ་བའི་སྟག་མའི་མེ་ཏོག་དང་རེ་ལྕག་མེ་ཏོག སྐལ་བཟང་མེ་ཏོག་སོགས་རབ་ཏུ་བཞད་དེ་གནམ་སྔོན་པོ་དང་སྤྲིན་དཀར་པོ། ལྗང་མདོག་གི་སྤང་ལྗོངས་དང་ཕན་ཚུན་བརྒྱན་ཏེ་ཕྱོགས་བཞིའི་ཡུལ་སྐོར་པའི་ཡིད་སེམས་བཀུག་པ་རེད།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ལྷ་མོའི་ལུང་བའི་རྩྭ་ཐང་གི་སྟག་མའི་མེ་ཏོག་རབ་ཏུ་བཞད་པ་དང་། སྟག་མའི་མེ་ཏོག་དམར་སྐྱ་དེ་གནམ་སྔོན་པོ་དང་སྤྲིན་དཀར་པོ་དང་ཕན་ཚུན་བརྒྱན་ཏེ་མཐོ་སྒང་གི་རབ་མཛེས་རི་མོ་ཞིག་ངང་གིས་གྲུབ།

ཟླ5བ་སླེབས་པའི་ཚུན། སེམས་ཀྱི་ཉི་ཟླ་ཞའོ་ཀྲུང་ཏན་གྲོང་རྡལ་གྱི་ཡངས་ཤིང་རྒྱ་ཆེ་བའི་སྤང་ཁུལ་དུ་སྟག་མའི་མེ་ཏོག་གིས་ཁེབས་པ་དང་། གཟུགས་ཐུང་བའི་སྟག་མའི་མེ་ཏོག་རབ་ཏུ་བཞད་ཅིང་། ནོར་ལུག་དང་བོད་ཁང་། གྲོང་ཚོ་མེ་ཏོག་གསེང་དུ་ཆགས་པས་མགོ་བོ་ཡར་བཀྱགས་ཏེ་གནམ་སྔོན་པོ་དང་སྤྲིན་དཀར་པོ་ལ་ལྟོས་ཆོག་ལ། རྒྱང་རིང་ལ་ལྟོས་ཚེ་མིག་ལམ་དུ་མངོན་པ་ནི་རི་སྔོ་ཆུ་དྭངས་ཡིན། དེ་ཡོད་ཚད་ཀྱིས་མཛེས་པའི་ཡུལ་ལྗོངས་གྲུབ་ནས་ལྷ་ཡི་ཞིང་ཁམས་སུ་སླེབས་པ་དང་མཚུངས། ས་གནས་མང་ཚོགས་སྐོར་དང་སྐོར་བཞིན། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་མང་པོ་གནས་དེར་ཡོང་ནས་མཛེས་ལྗོངས་རོལ་མྱོང་བྱེད་བཞིན་ཡོད། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།