ཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཧྲུའུ་རོང་པོ་རུ་ཁྲུང་ཁྲུང་སྐེ་ནག་སྐོར་དང་པོ་དུས་ལྟར་འཕུར་ཡོང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྒྱང་རིང་ནས་ཁྲུང་ཁྲུང་སྐེ་ནག་ལ་ལྟ་བ།

ཁྲུང་ཁྲུང་སྐེ་ནག

སྐྱེ་ཁམས་དོ་དམ་སྲུང་སྐྱོང་མི་སྣ་ངག་དབང་ཚེ་རིང་གིས་འདབ་ཆགས་རིགས་ལ་ལྟ་ཞིབ་ཚད་འཇལ་བྱེད་བཞིན་པ།

ཁྲུང་ཁྲུང་སྐེ་ནག

 ཟླ3པའི་ཚེས25ཉིན། ཁྲུང་ཁྲུང་སྐེ་ནག་སྐོར་དང་པོ་དུས་ལྟར་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རོང་པོ་ཐང་རྒྱལ་སྤྱི་བརླན་ས་གལ་ཆེན་དུ་འཕུར་ཡོང་།

ཉིན་དེའི་ཞོགས་པར། སྐྱེ་ཁམས་དོ་དམ་སྲུང་སྐྱོང་མི་སྣ་ངག་དབང་ཚེ་རིང་གིས་རྒྱང་མཐོང་གིས་ཉིན་རྒྱུན་གྱི་སྐོར་ཞིབ་བྱེད་སྐབས་ཁྲུང་ཁྲུང་སྐེ་ནག་སྐོར་ཞིག་གིས་དར་ཞི་བའི་མཚོ་ནང་དུ་རྩེད་འཇོར་རོལ་བཞིན་པ་མཐོང་། དེ་རྗེས་ངག་དབང་ཚེ་རིང་གིས་སྐྱེ་ཁམས་དོ་དམ་སྲུང་སྐྱོང་མི་སྣ་གཞན་བོས་ནས་མཉམ་དུ་ལྟ་ཞིབ་ཚད་འཇལ་བྱས། ཁོ་ཚོའི་སྔ་དྲོ་གཅིག་གི་ལྟ་ཞིབ་ཚད་འཇལ་བརྒྱུད་དེ་རོང་པོ་ཐང་རྒྱལ་སྤྱི་བརླན་ས་གལ་ཆེན་དུ་འཕུར་ཡོང་བའི་ཁྲུང་ཁྲུང་སྐེ་ནག8མཐོང་། 

རོང་པོ་ཐང་རྒྱལ་སྤྱིའི་བརླན་ས་གལ་ཆེན་དང་རོང་པོ་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁྱབ་ཁོངས་གཅིག་ཡིན་ཞིང་། ཐུན་མོང་མ་ཡིན་པའི་ས་གཤིས་གནས་བབ་རྐྱེན་གྱིས་སྐྱེ་ཁམས་ཁོར་ཡུག་ཡག་པོ་དང་ཀྲུང་གོའི་འདབ་ཆགས་རིགས་རྩ་ཆེན་ཁྲུང་ཁྲུང་སྐེ་ནག་འཚོ་སྡོད་གནས་ཆུ་གྱུར་བས། རང་རྒྱལ་གྱི་འདབ་ཆགས་རིགས་ཀྱི་ཆེད་མཁས་མི་སྣས“ཁྲུང་ཁྲུང་སྐེ་ནག་གི་ཕ་ས”ཞེས་འབོད་ཀྱིན་ཡོད། ཉེ་བའི་ལོ་ཤས་རིང་། སྲུང་སྐྱོང་ཁུལ་དོ་དམ་ས་ཚིགས་ཀྱིས་རྒྱུན་མཐུད་ངང་སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོང་དོ་དམ་ལས་དོན་ལ་ཤུགས་སྣོན་བརྒྱབ་པས། ཆུ་བྱ་འཚོ་སྡོད་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ནས། ཟས་རིགས་ཐོན་ཁུངས་མུ་མཐུད་དུ་ཕུན་ཚོགས་སུ་གྱུར་ནས་འདབ་ཆགས་རིགས་རྒྱུན་མཐུད་ངང་མང་དུ་ཕྱིན་ཞིང་སྐྱེ་ཁམས་མ་ལག་སྔར་ལས་བདེ་ཞིང་བརྟན་དུ་གྱུར། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།