ཀྲུང་གོ་བོད་ཀྱི་དྲ་བ།

རོང་བྲག་རྫོང་གི་ལི་སྡོང་མེ་ཏོག་ལ་ལྟ་རུ་འགྲོ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2024美人谷·丹巴梨花春赏季活动现场。何曦摄

2024ལོའི་མཛེས་མའི་ལུང་བའི་རོང་བྲག་གི་ལི་སྡོང་མེ་ཏོག་ལ་ལྟ་བའི་བྱ་འགུལ་ཡུལ་དངོས།

ཚེས21ཉིན། “རོང་བྲག་གི་རབ་ཏུ་བཞད་པའི་ལི་སྡོང་མེ་ཏོག་ལ་ལྟ་རུ་འགྲོ”ཞེས་པའི2024ལོའི་དཔྱིད་དུས་སུ་མཛེས་མའི་ལུང་བའི་རོང་བྲག་གི་ལི་སྡོང་མེ་ཏོག་ལ་ལྟ་བའི་བྱ་འགུལ་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་རོང་བྲག་རྫོང་སྤྲོ་སྣང་བོད་གྲོང་ནས་གཟབ་རྒྱས་ངང་མགོ་བརྩམས་པ་རེད། མི་སྟོང་གི་དཔྱིད་དུས་ལི་སྡོང་མེ་ཏོག་ལ་ལྟ་བའི་ཚོགས་པ་རི་མོ་ལྟར་མཛེས་པའི་བོད་གྲོང་ནང་རྒྱུ་སྟེ་རོང་བྲག་གི་གཟུགས་འདས་བུ་མོའི་དར་མའི་མཛད་སྒོ་དང་རྒྱལ་རོང་དམངས་སྲོལ་གྱི་ཕུན་སུམ་ཚོགས་པའི་རིག་གནས་ལ་རོལ་མྱོང་བྱས། 

ད་ལོར། རོང་བྲག་མཛེས་མའི་ལུང་བས་དཔྱིད་དུས་ཀྱི་ཡུལ་སྐོར་ལམ་ཐིག་གསར་བ་བཏོད་དེ་རོང་བྲག་དམངས་སྲོལ་རོལ་མྱོང་རི་མོ་ཞིག་བྲིས་པ་དང་། རོང་བྲག་སྤྲོ་སྣང་བོད་གྲོང་ལྗོངས་ཁུལ་རོལ་མྱོང་བྱེད་ས་གཙོ་བོར་བྱས་ནས་ལྟ་དང་རྒྱུ། རྩེད། ཟ། འཐུང་། ཉོ་སོགས་ལྟེ་གནས་དྲུག་ཏུ་བྱས་ནས་ཡུལ་སྐོར་པ་ཚོར་གཏིང་ཟབ་སྒོས་བྱ་འགུལ་ནང་ཞུགས་སུ་བཅུག ཡུལ་སྐོར་བྱེད་པ་དང་ལམ་ཐིག་བསྐོར་ནས་ལྗོངས་གཟིགས་བྱེད་པ་དང་ཆབས་ཅིག་ཏུ་ལམ་བར་དུ་ད་དུང་གསར་སྐྲུན་ཁྲོམ་རའི་ཚོགས་དང་རོང་བྲག་ས་གནས་ཁྱད་ལྡན་ཐོན་རྫས་འགྲེམ་སྟོན། མངར་ཟས་རོལ་མྱོང་། དམངས་སྲོལ་རོལ་མྱོང་། རིག་རྩལ་གསར་སྐྲུན་རོལ་མྱོང་ཆོགས་ཀྱི་ས་ཚིགས་བཙུགས་ནས་ཡུལ་སྐོར་པ་སྔར་ལས་མང་པོ་བྱ་འགུལ་ནང་ཞུགས་པ་རེད། 

རྒྱུས་ལོན་ལྟར་ན། ཐེངས་འདིའི་དཔྱིད་དུས་ལི་སྡོང་མེ་ཏོག་ལ་ལྟ་བའི་བྱ་འགུལ་དེ་ནི་རོང་བྲག་རྫོང་གིས“དཔྱིད་དུས་མེ་ཏོག་ལྟ་བ། དབྱར་དུས་ཚ་གཡོལ་བྱེད་པ། སྟོན་དུས་མཛེས་མ་བདམས་པ། དགུན་དུས་ཉི་འོད་རོལ་མྱོང”གི་ཁོངས་ཡོངས་དུས་ཚིགས་བཞི་བའི་ཡུལ་སྐོར་ཚོང་གཉེར་བསམ་བློ་འོག་མེ་ཏོག་གཙོ་བོར་བཟུང་ནས། ཡུལ་སྐོར་པ་རྣམས་ལ་རྒྱལ་རོང་དམས་སྲོལ་རིག་གནས་རོལ་མྱོང་བྱ་འགུལ་ཞིག་བཏོད་པ་དང་། ཡུལ་སྐོར་ཚོང་གཉེར་དྲིལ་སྒྲོག་དང་དུས་ཆེན་བྱ་འགུལ་རབ་དང་རིམ་པ་སྤེལ་བ་དེས་མུ་མཐུད་དུ་རིག་གནས་ཡུལ་སྐོར་ཞབས་ཞུ་ཆུ་ཚད་མཐོ་རུ་བཏང་བ་མ་ཟད། “ཡུལ་སྐོར+”ཐོན་ལས་མང་པོ་མཉམ་འདྲེས་ངང་ཐོན་རྫས་ལས་རྣམ་འཕེལ་རྒྱས་སུ་བཏང་ནས་བྱང་ཆུབ་པ་དང་ཡང་བསྐྱར་སྤྱོད་ཆོག་པའི“དམངས་སྲོལ+རིག་གནས་ཡུལ་སྐོར”གྱི་ཡུལ་སྐོར་དཔེ་དབྱིབས་གསར་བ་འཚོལ་ཞིབ་བརྒྱུད། “རབ་མཛེས་རོང་བྲག”ཡུལ་སྐོར་དཔེ་བཟང་བསྐྲུན་ནས་ཡུལ་སྐོར་པ་སྔར་ལས་མང་པོ་རོང་བྲག་རྫོང་དུ་ཡུལ་སྐོར་ཡོང་བར་འགུགས་ཡོད། །

2024美人谷·丹巴梨花春赏季活动现场。何曦摄
2024ལོའི་མཛེས་མའི་ལུང་བའི་རོང་བྲག་གི་ལི་སྡོང་མེ་ཏོག་ལ་ལྟ་བའི་བྱ་འགུལ་ཡུལ་དངོས།

2024美人谷·丹巴梨花春赏季活动现场。何曦摄
2024ལོའི་མཛེས་མའི་ལུང་བའི་རོང་བྲག་གི་ལི་སྡོང་མེ་ཏོག་ལ་ལྟ་བའི་བྱ་འགུལ་ཡུལ་དངོས།

2024美人谷·丹巴梨花春赏季活动现场。何曦摄
2024ལོའི་མཛེས་མའི་ལུང་བའི་རོང་བྲག་གི་ལི་སྡོང་མེ་ཏོག་ལ་ལྟ་བའི་བྱ་འགུལ་ཡུལ་དངོས།

丹巴梨花。何曦摄
རོང་བྲག་གི་ལི་སྡོང་མེ་ཏོག

丹巴梨花。何曦摄
རོང་བྲག་གི་ལི་སྡོང་མེ་ཏོག

丹巴梨花。何曦摄
རོང་བྲག་གི་ལི་སྡོང་མེ་ཏོག

丹巴梨花。何曦摄
རོང་བྲག་གི་ལི་སྡོང་མེ་ཏོག

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།