ཀྲུང་གོ་བོད་ཀྱི་དྲ་བ།

སྟག་མཆོང་འགག་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་ཤིན་ཏུ་མང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

4.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་བསྟུད་མར། སྟག་མཆོང་འགག་མཛེས་ལྗོངས་ཁུལ་དུ་རྒྱལ་ཁབ་ཕྱི་ནང་ནས་ཡོང་བའི་ཡུལ་སྐོར་བ་ཇེ་མང་དུ་ཕྱིན་པ་དང་། ཁོང་ཚོས་མཛེས་ལྗོངས་ལ་གཟིགས་པ་དང་པར་བརྒྱབ་ནས་ཡུལ་སྐོར་གྱི་དགའ་སྤྲོ་ཉམས་སུ་མྱངས། ཡུལ་སྐོར་རྣམ་པ་ཇེ་ལེགས་སུ་ཕྱིན་པ་དང་བསྟུན་ཡུལ་སྐོར་བ་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་ལ། སྟག་མཆོང་འགག་མཛེས་ལྗོངས་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་བདེ་འཇགས་འགྲིམ་འགྲུལ་དང་མེ་སྐྱོན་འགོག་གསོད། བདེ་འཇགས་སྐོར་ཞིབ་སོགས་ཀྱི་ལས་དོན་ལ་ཤུགས་བསྣན་ནས། ཡུལ་སྐོར་ཁོར་ཡུག་ཡག་པོ་བསྐྲུན་ཏེ་ཡུལ་སྐོར་བས་མཛེས་ལྗོངས་ལ་གཟིགས་པའི་གོ་རིམ་ཁྲོད་ཡུན་ནན་གྱི་འཚོ་བ་ཞེས་པའི་སྐྱིད་སྣང་དང་ཐོབ་སྣང་། བདེ་སྣང་བཅས་ཉམས་སུ་མྱོང་དུ་བཅུག །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།