ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་གྱིས་བོད་ཀྱི་ལོ་གསར་རིང་བྱ་འགུལ་སྣ་ཚོགས་སྤེལ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-02-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2.jpg

3.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   2023ལོའི་ཟླ2པའི་ཚེས20ནས22བར་དུ་བདེ་ཆེན་ཁུལ་གྱིས2023ལོའི་བོད་ཀྱི་ལོ་གསར་གྱི་བྱ་འགུལ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་ཞིང་། ད་ལོའི་བྱ་འགུལ་གྱིས“མཐུན་སྒྲིལ་གྱི་མེ་ཏོག་བདེ་ཆེན་གསར་བར་བཞད་པ·ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱུང་ནས·འཛམ་གླིང་གི་སེམས་ཀྱི་ཉི་ཟླ་རུ་འཛོམས་པ”ཞེས་པ་བརྗོད་དོན་གཙོ་བོར་བཟུང་ནས། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་གནའ་གྲོང་ཟླ་འོད་ཐང་ཆེན་དུ་ཚོགས་ར་གཙོ་བོ་དང་། བདེ་ཆེན་རྫོང་དང་འབའ་ཐང་རྫོང་དུ་ཡན་ལག་ཚོགས་ར་འཛུགས་རྒྱུ་རེད།

ཤེས་གསལ་ལྟར་ན། ཐེངས་འདིའི་བདེ་ཆེན་བོད་ཀྱི་ལོ་གསར་གྱི་བྱ་འགུལ་ཟླ2པའི་ཚེས20ཉིན་གྱི་ཚོགས་ར་གཙོ་བོར་རིག་རྩལ་འཁྲབ་སྟོན་ཡོད་པ་མ་ཟད། ཞབས་བྲོ་དང་སྐོར་བྲོ་སོགས་ཀྱི་གཟུགས་འདས་ཞབས་བྲོ་རེས་སྐོར་ནས་འཁྲབ་རྒྱུ་ཡིན་ལ། མི་རིགས་ཞབས་བྲོ་དེ་དག་ཁྲོད་རྔམ་བརྗིད་ལྡན་པའི་མི་རིགས་རིག་གནས་འདུས་པ་མ་ཟད། མི་རིགས་སྲོལ་རྒྱུན་དང་ཕུན་སུམ་ཚོགས་པའི་མི་རིགས་ལས་ཚན། དུས་ཆེན་གྱི་རྣམ་པ་བཅས་མངོན་པས། བདེ་ཆེན་ཁུལ་ཡོངས་ཀྱི་མི་རིགས་སོ་སོའི་མང་ཚོགས་དང་ཡུལ་སྐོར་པ་རྣམས་ལ་རིག་གནས་ལྟད་མོ་ཞིག་སྟོན་རྒྱུ་རེད། སྔར་ལས་ལྷག་པའི་སྒོ་ནས་མི་རིགས་རིག་གནས་འཛམ་གླིང་དུ་བསྐྱོད་པ་དང་། མི་རིགས་རོལ་དབྱངས་མི་དམངས་མང་ཚོགས་ཀྱི་རྒྱུན་ལྡན་འཚོ་བ་ནང་འདྲེས་ཆེད། ཚོགས་ར་གཙོ་བོས་ད་དུང“སེམས་ཀྱི་ཉི་ཟླ་རུ་འཛོམས་པ·ས་གནས་གླུ་བས་གླུ་ལེན་པ”ཞེས་པ་བཀོད་སྒྲིག་བྱས་ནས་མི་རིགས་རིག་གནས་དང་མི་རིགས་རོལ་དབྱངས་ལ་དགའ་མཁན་སྔར་ལས་མང་བར་རང་ཉིད་མངོན་པའི་གར་སྟེགས་ཞིག་བསྐྲུན་རྒྱུ་རེད། དེ་དང་ཆབས་ཅིག འབའ་ཐང་དང་བདེ་ཆེན་ཡན་ལག་ཚོགས་ར་རུ་རྣམ་པ་སྣ་ཚོགས་ཀྱི་བྱ་འགུལ་རབ་དང་རིམ་པ་སྤེལ་རྒྱུ་དང་། རྟ་རྒྱུག མདའ་རྩལ་འགྲན་བསྡུར། རིག་རྩལ་འཁྲབ་སྟོན་སོགས་གསོན་ཉམས་ལྡན་ཞིང་དོན་སྙིང་ཡོད་པའི་བྱ་འགུལ་གྱིས་ཡུལ་སྐོར་པ་དང་མང་ཚོགས་ལ་བསུ་བཞིན་ཡོད།

བོད་ཀྱི་ལོ་གསར་ཐོན་ལ་ཉེ་བའི་སྐབས་འདིར། བདེ་ཆེན་ཁུལ་གྱིས་སྤྲོ་སེམས་ཁོལ་བའི་སྒོ་ནས་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་གྲོགས་པོ་རྣམས་བདེ་ཆེན་དུ་བསྐྱོད་པ་དང་། འཛམ་གླིང་གི“སེམས་ཀྱི་ཉི་ཟླར”བསྐྱོད་དེ་མཉམ་གྱིས་བོད་ཀྱི་ལོ་གསར་རོལ་པ་དང་། མི་རིགས་སྲོལ་རྒྱུན་ཉམས་ལེན་བྱེད་པ། མི་རིགས་རིག་གནས་མྱོང་ཚོར་ལེན་པ། མཉམ་དུ་མཐུན་སྒྲིལ་འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་ཞི་བདེ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བདེ་ཆེན་གསར་བའི་འཛུགས་སྐྲུན་བགྲོད་ལམ་བདེན་དཔང་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།