ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་ཞིང་ཆེན་གྱི་སྐབས་དང་པོའི་དམངས་ཡོངས་ཀྱི་དཔེ་ཀློག་ཚོགས་ཆེན་དང་རིམ་སྤེལ་མཛད་སྒོ་ལི་ཅང་དུ་སྤེལ་མགོ་བརྩམས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས23ཉིན། ཡུན་ནན་ཞིང་ཆེན་གྱི་སྐབས་དང་པོའི་དམངས་ཡོངས་ཀྱི་དཔེ་ཀློག་ཚོགས་ཆེན·2022ལོའི་དཔེ་དེབ་ཡུན་ནན་དང་དྭངས་གཙང་གི་རིག་གནས་ཁོར་ཡུག་གཏོད་པའི་བྱ་སྤྱོད་ཀྱི་རིམ་སྤེལ་བྱེད་སྒོ་ལི་ཅང་གནའ་གྲོང་དུ་སྤེལ་མགོ་བརྩམས།

མགོ་རྩོམ་མཛད་སྒོའི་སྟེང་ཡུན་ནན་ཞིང་ཆེན་གྱི་སྐབས་དང་པོའི་དམངས་ཡོངས་ཀྱི་དཔེ་ཀློག་ཚོགས་ཆེན་གྱི་དྲིལ་བསྒྲགས་པར་གཞི་ཁྱབ་བསྒྲགས་བྱས་ཏེ། དཔེ་དེབ་མང་ཏུ་ཀློག་པ་དང་དཔེ་དེབ་ཀློག་པར་དགའ་བ། དཔེ་དེབ་བཟང་པོ་ཀློག་པ་བཅས་བྱས་ཏེ་ཡུན་ནན་དུ་དཔེ་དེབ་ཀློག་རྒྱུའི་གྲོས་གཞི་བཏོན་ནས་བློ་སེམས་གཅིག་མཐུན་སྒོས་ཤུགས་ཆེན་པོས་ཀྲུང་གོའི་ཕུགས་འདུན་གྱི་ཡུན་ནན་གྱི་ལེའུ་རྩོམ་པའི་དྲང་ནུས་འཕེལ་བར་བྱས། ལི་ཅང་གི་སློབ་མས་སློབ་དེབ་འཁྲབ་གཞུང《ཆུ་ཐིགས་གཅིག་གི་ཡུལ་སྐོར》འཁྲབ་སྟོན་བྱས་ཏེ། ལི་ཅང་གི་མི་རིགས་སོ་སོའི་མང་ཚོགས་རྣམས་ཀྱིས་སློབ་སྦྱོང་ལ་བརྩི་མཐོང་དང་སློབ་སྦྱོང་བྱེད་པའི་སྲོལ་རྒྱུན་བཟང་པོ་མངོན་པར་བྱས། མཛད་སྒོའི་སྐབས་ད་དུང2021ལོའི་ཡུན་ནན་ཞིང་ཆེན་གྱི“དམངས་ཡོངས་ཀྱི་དཔེ་ཀློག་དཔེ་སྟོན་རྟེན་གཞི”ཐོབ་མཁན་ཨན་ཉིང་གྲོང་ཁྱེར་དཔེ་མཛོད་ཁང་དང་། ལི་ཅང་གངས་རིའི་དཔེ་ཁང་སོགས་ཀྱི་ལས་ཁུངས10ལ་སྒོ་བྱང་སྤྲད་ནས། ཡུན་ནན་གྱི་པར་གཞི་ལགས་པའི་དཔེ་དེབ10འོས་སྦྱོར་བྱས་པ་དང་། 2022ལོའི་དྭངས་གཙང་གི་རིག་གནས་ཁོར་ཡུག་གཏོད་པའི་བྱ་སྤྱོད་ཀྱི་དྲིལ་སྒྲོག་བརྡ་ཡིག་དང་དཔེ་ཐུར་བཀྲམ་པ་རེད།

གསོན་ཤུགས་ཀྱིས་ཁེངས་པའི་དཔེ་ཀློག་གི་ཁོར་ཡུག་གི་རྣམ་པ་བཟང་པོ་གཏོད་ཆེད། ཡུན་ནན་དཔེ་སྐྲུན་སྡེ་ཚོགས་ཚད་ཡོད་འགན་འཁྲི་ཀུང་སི་དང་། ཡུན་ནན་ཞིན་ཧྭ་དཔེ་ཚོང་ཁང་སྡེ་ཚོགས་ཚད་ཡོད་ཀུང་སིས་གནའ་གྲོང་ཁུལ་སློབ་འབྲིང་དང་པོ་དང་། ཞི་ཨན་སྲང་ལམ་ཧྥུའུ་ཧེའི་སྡེ་ཁུལ་གྱི་ཞིང་པའི་དཔེ་དེབ་ཁང་ལ་དཔེ་དེབ་ཁག་གཅིག་ཞལ་འདེབས་ཕུལ་བ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།