ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་གཏིང་ཟབ་ངང་སྤེལ་བ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླ་དྲ་བ།     སྤེལ་དུས། : 2021-12-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་བའི་ལོ་ཤས་རིང་།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེ་མོའི་དར་ཆ་མཐོན་པོར་སྒྲེང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་པ། མི་རིགས་ཁག་རྒྱ་ཁྱབ་ངང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་བ་རེད། 

ཏང་གི་ལོ་རྒྱུས་སློབ་སྦྱོང་གི་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས་གྲོང་ཁྱེར་དེས་དམར་དམག་རྒྱང་སྐྱོད་སྐབས་བཞག་པའི་རྩ་ཆེའི་གསར་བརྗེའི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ནས་ཏང་གི་ལོ་རྒྱུས་དང་།  ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ལོ་རྒྱུས་བཅས་ཀྱི་དྲིལ་བསྒྲགས་སློབ་གསོ་སྤེལ་ནས་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། ལོ་རྒྱུས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་འཛུགས་རྒྱུར་ཁྲིད་སྟོན་བྱས། 

དེང་རབས་ཀྱི་དཔལ་ཡོན་སྐོར་གྱི་སློབ་གསོ་རྒྱག་ཤུགས་ཆེ་རུ་བཏང་བ། གྲོང་ཁྱེར་དེས་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་གྲོང་ཚོའི(སྡེ་ཁུལ)ཏང་གི་སྲིད་ཇུས་སྒྲོག་འགྲེལ་རྒྱ་ཁྱབ་བྱས་ཤིང་།   2019ལོ་ནས་བཟུང“ཡ་རབས་ཆ་བསགས་སྒོ་རྩིས་ཚོང་ཁང་”དང་།“ཉེ་འགྲམ་གྱི་མི་བཟང”  “ཀུན་སྤྱོད་དཔེ་བཟང་ཅན”  “ཡ་རབས་ཁྱིམ་ཚང”   “སྐར་བཅུའི་དཔལ་ཡོན་ཁྱིམ་ཚང”སོགས་དཔྱད་འདེམས་བྱེད་སྒོ་སྤེལ་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་དང་འཚོ་བ་སྐྱེལ་སྟངས་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་རྒྱུར་ཁྲིད་སྟོན་བྱས་ཡོད། དེ་དང་ཆབས་ཅིག་གྲོང་ཁྱེར་དེས་ད་དུང་ཤང་རིམ་པ་11དང་གྲོང་ཚོ་རིམ་པའི་དྲིན་ཚོར་དང་བླངས་ཞབས་ཞུ་རུ་ཁག62བཙུགས་པ་དང་འབྲེལ་ནུས་པའི་རང་བཞིན་གྱི་ཏང་རྩ་འཛུགས་བཙུགས་ནས་དབུལ་སྒྲོལ་འགག་སྒྲོལ་དང་དེ་བཞིན་ཏོག་གསར་གློ་ཚད་འགོག་བཅོས་ལས་དོན་ལ་སྐུལ་འདེད་གཏོང་བའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད། 

རྒྱལ་ཁབ་ཀྱིས་སྤྱི་སྤྱོད་སྐད་ཡིག་ཁྱོན་ཡོངས་ནས་ཁྱབ་སྤེལ་བཏང་བ།   གྲོང་ཁྱེར་དེས་སྤྱི་སྐད་ཁྱབ་གདལ་དང་རྒྱ་ཡིག་སྤྱི་ཚོགས་སུ་ཉེར་སྤྱོད་ཀྱི་རྩ་བའི་ཚད་གཞིའི་བྱ་བའི་དམིགས་ཡུལ་རྩ་བའི་ཆ་ནས་མངོན་འགྱུར་བྱས་ཡོད། “ཐད་བརྒལ་མི་རིགས”དང་གྲྭ་བཙུན་གྱི་སྤྱི་སྐད་ཁྱབ་གདལ་དང་སྤྱོད་ཚད་དམའ་བའི་ཚོགས་སྤྱིར་གནད་སྨིན་ཇུས་འདོན་དང་སློབ་གསོ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཁོང་ཚོའི་སྤྱི་སྐད་ཀྱི་སྐད་ཡིག་འབྲེལ་གཏུག་གི་འགོག་རྐྱེན་གཞི་རྩའི་ཆ་ནས་བསལ་བ་རེད།  མིག་སྔའི་བར་གྲོང་ཁྱེར་དེས་ཞིང་ཆེན་རིམ་པའི་སྐད་ཡིག་ཚད་ལྡན་ཅན་གྱི་དཔེ་སྟོན་སློབ་གྲྭ4དང་།   ཁུལ་རིམ་པའི་སྐད་ཡིག་ཚད་ལྡན་ཅན་གྱི་དཔེ་སྟོན་སློབ་གྲྭ15། ཚད་ལྡན་རྒྱ་ཡིག་འབྲི་བའི་ཁྱད་ལྡན་སློབ་གྲྭ2བཅས་གྲུབ་འབྲས་ཐོབ་པའི་ངང་བཏོད་ཡོད་པ་རེད། 

སྤྱི་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་སྟེ་གྲོང་ཁྱེར་དེས་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་བ་དང་ཤམ་བྷ་ལ་མི་རིགས་མཐུན་སྒྲིལ་གྱི་བརྗོད་བྱ་གཙོ་བོའི་སྤྱི་གླིང་དང་མི་རིགས་རིག་གནས་ཁང་སོགས་སྤྱི་གླིང་ཆེན་པོ་གསུམ་དང་ཐང་ཆེན་ཆེན་པོ་དགུ་བསྐྲུན་ཟིན་པ་མ་ཟད་བེད་སྤྱོད་ཀྱང་བཏང་བས་ས་ཁུལ་དབར་དང་མི་རིགས་དབར་གྱི་འཕེལ་རྒྱས་ཀྱི་ཧེ་བག་སྔར་བས་ཆུང་དུ་ཕྱིན་ནས་ཐུན་མོང་ཐོག་འཕེལ་རྒྱས་དང་ཡར་ཐོན་བྱུང་ཡོད། 

ཐབས་ལམ་རྒྱ་སྐྱེད་དང་དྲིལ་བསྒྲགས་དམ་འཛིན་བྱས་པ། 2019ལོ་ནས་བཟུང་། གྲོང་ཁྱེར་དེར་ཁྱོན་བསྡོམས་མི་རིགས་མཐུན་སྒྲིལ་གྱི་ཆེད་དོན་པར་ག150དང་།  དྲིལ་བསྒྲགས་ལག་དེབ6700། མི་རིགས་མཐུན་སྒྲིལ་གྱི་བརྙན་དེབ470བཅས་བཟོས་ཡོད།   མི་རིགས་མཐུན་སྒྲིལ་གྱི་གྲོས་འདོན་ཡི་གེ་ཁྲི1ལྷག་བཀྲམ། དྲིལ་བསྒྲགས་བརྡ་ཁྱབ་བྱང་བུ་དང་དེ་བཞིན་མི་རིགས་མཐུན་སྒྲིལ་དཔེ་སྟོན་གྲོང་ཚོའི་གཏན་འཇགས་རང་བཞིན་གྱི་མཚོན་རྟགས60ལྷག་བཟོས་པ་དང་།  རིམ་རྩིས་བྱས་ན་ཀྲུང་དབྱང་དང་།  ཞིང་ཆེན།  ཁུལ་བཅས་རིམ་པའི་སྨྱན་སྦྱོར་ཐོག་རྩོམ་ཡིག20ལྷག་སྤེལ་ཡོད།  མི་རིགས་མཐུན་སྒྲིལ་གྱི་རིག་རྩལ་མཉམ་འཛོམས་འཁྲབ་སྟོན་དང་རིག་གནས་ཀྱི“གཤམ་སྤེལ་གསུམ”སོགས་མང་ཚོགས་རང་བཞིན་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི“ཁ་འབྲལ་ཐབས་མེད་པ་གསུམ”དང“ངོས་འཛིན་གཅིག་མཐུན་ལྔ”དང“སྲུང་སྐྱོང་ལྔའི”བསམ་བློའི་འདུ་ཤེས་ཇེ་ཟབ་ཏུ་བཏང་ཡོད། 

གཞི་རྟེན་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་མི་རིགས་མཐུན་སྒྲིལ་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཡོད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་མི་རིགས་རིག་གནས་དང་ཡུལ་སྐོར་ལས་རིགས་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་བཏང་ནས་སེམས་ཀྱི་ཉི་ཟླའི་སྤུས་རྟགས་ཀྱི་ཕན་འབྲས་འདོན་སྤེལ་བྱས་ཡོད། བོད་ཀྱི་དམངས་ཁྲོད་གཏམ་དཔེ་འཚོལ་བསྡུ་ལེགས་སྒྲིག་དང་།  རྒྱལ་ཐང་སྐོར་བྲོ།    གཏེར་མ་རོང་སྐོར་བྲོ།   ཉི་ཤར་གྱི་རྫ་ནག   འཇང་རིགས་ཀྱི་ཤོག་བུ་བཟོ་རྩལ་སོགས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་མྱུར་སྐྱོབ་དང་སྲུང་སྐྱོང་བྱེད་པའི་རྣམ་གྲངས་ལག་བསྟར་བྱས་ཡོད། །   

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།