ཀྲུང་གོ་བོད་ཀྱི་དྲ་བ།

པད་མ་གངས་རིའི་དྲིལ་སྒྲོག་གློག་བརྙན《འགྲོ་བ་ཀུན་གྱི་དག་ཞིང》ཞེས་པར་བྱ་དགའ་ཐོབ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-12-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

པར་འདི་ནི་བྱ་དགའ་ཐོབ་པའི་དྲིལ་སྒྲོག་གློག་བརྙན《འགྲོ་བ་ཀུན་གྱི་དག་ཞིང》གི་པར་རིས་རེད།

4.jpg

5.jpg

པར་འདི་གཉིས་ནི་ཡུན་ནན་གྱི་སྤྲེའུ་སེར་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས27ཉིན། 2021ལོའི་ཀྲུང་གོའི་རི་སྐྱེས་སྐྱེ་དངོས་ཀྱི་པར་རིས་འགྲན་བསྡུར་ནང་པད་མ་གངས་རིའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དྲིལ་སྒྲོག་གློག་བརྙན《འགྲོ་བ་ཀུན་གྱི་དག་ཞིང》ཞེས་པ་ལ་དཔྱད་འདེམས་ཨུ་ཡོན་ལྷན་ཁང་གི་བྱ་དགའ་ཆེན་པོ་དང་དེ་བཞིན་བརྙན་ཐུང་ཚན་ཁག་གི་པར་རིས་བྱ་དགའ་ལེགས་ཤོས་ཐོབ་པ་རེད།

དྲིལ་སྒྲོག་གློག་བརྙན་དེ་དཔྱད་འདེམས་བྱེད་སྐབས《ཀྲུང་གོའི་རྒྱལ་ཁབ་ས་གཤིས》དུས་དེབ་ཀྱིས“གངས་རིའི་ཡང་རྩེ་ནས་གྲོག་རོང་གི་ཆུ་ཀླུང་བར་དུ། ཡུན་ནན་གྱི་པད་མ་གངས་རིའི་བརྗིད་ཆགས་རྣམ་པ་དེ་གཟུགས་བརྙན་ཐོག་ནས་ཡོངས་སུ་མངོན་ཞིང་། གཡང་གཟར་དང་ནགས་ཚལ་ཁྲོད་ཀྱི་རི་སྐྱེས་སྲོག་ཆགས་ཏེ་ཡུན་ནན་གྱི་སྤྲེའུ་སེར་གྱི་ངོ་མཚར་ལྡན་པའི་འཚོ་བ་ཟིན་ཐོར་བཀོད་དེ་མི་རྣམས་ཀྱི་མིག་ལམ་དུ་བསྟན་པ་དང་། གནས་དེ་ནི་སྐྱེ་དངོས་རིགས་ཀྱི་དག་ཞིང་ཡིན་པ་མ་ཟད། མི་རིགས་སོ་སོའི་མང་ཚོགས་ཀྱི་རི་སྔོ་ཆུ་དྭངས་ལ་སྲུང་སྐྱོང་བྱེད་པའི་ལྷག་བསམ་ཆེན་པོ་ཡང་ཡིན། དཔྱད་འདེམས་ཨུ་ལྷན་གྱི་བྱ་དགའ་ཆེན་པོ་དེ《འགྲོ་བ་ཀུན་གྱི་དག་ཞིང》ལ་ཐོབ་འོས་པ་ཞིག་རེད”ཅེས་བརྗོད་ཡོད། COPཚོགས་ཆེན15འཚོགས་པའི་རིང་དུ་པད་མ་གངས་རིའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དྲིལ་སྒྲོག་བརྙན་ཐུང《གངས་རིའི་སྤྲེའུ་སེར》ཞེས་པར་གོ་ལ་ཧྲིལ་པོའི་བརྙན་ཐུང་འཚོལ་བསྡུ་བྱེད་པའི་འགྲན་བསྡུར་ཆེན་མོའི་ཤུགས་རྐྱེན་ཡག་ཤོས་ཀྱི་བྱ་དགའ་ཐོབ་པ་དང་། སྙིང་ཉེ་བའི་ཡུན་ནན་སྤྲེའུ་སེར་ལ་འཛམ་གླིང་ཡོངས་ཀྱི་དོ་ཁུར་ཆེན་པོ་ཐོབ་ནས། བདེ་ཆེན་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་གཡུར་དུ་ཟ་བའི་གྲུབ་འབྲས་གསོན་ཉམས་ལྡན་པའི་ངང་མཚོན་ཡོད། 

ཤེས་གསལ་ལྟར་ན། ཡུན་ནན་པད་མ་གངས་རི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ2821.06དང་ཆ་སྙོམས་ས་བབ་སྨི4000ལྷག་ཙམ་ཟིན་ཞིང་། གནས་དེ་རུ་གཙོ་བོ་ཡུན་ནན་གྱི་སྤྲེའུ་སེར་ལས་གཞན་ད་དུང་གསའ་དང་། སྤྲིན་གཟིག ཆུ་བྱ་ནག་པོ། གླག་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་རིགས15དང་། རྒྱལ་ཁབ་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་རིགས36ཡོད་ལ། གཞན་ད་དུང་ཡུན་ནན་གྱི་སྒྲོན་ཤིང་དང་། བཀྲག་རྩི་ཤིང་རིགས། གྲོ་མ་རིགས། ལོ་མ་གཅིག་ཅན་གྱི་རྩི་ཤིང་སོགས་ཀྱི་རྒྱལ་ཁབ་ཀྱི་རིམ་པའི་དང་པོའི་སྲུང་སྐྱོང་སྐྱེ་དངོས་རིགས4དང་། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་རི་སྐྱེས་སྐྱེ་དངོས་རིགས9ཡོད། སྲུང་སྐྱོང་ཁུལ་གྱི་ལས་དོན་མི་སྣ་དང་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཁྲི7ལྷག་གིས་གནས་དེའི་རི་སྔོ་ཆུ་དྭངས་སྲུང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་བསྐྲུན་པའི་ཚད་ཤིང་དང་། “འཛམ་གླིང་གི་སེམས་ཀྱི་ཉི་ཟླ”བཏོད་པར་ཧུར་ཐག་བྱས་ནས་ཐོན་ཁུངས་སྲུང་སྐྱོང་དང་སྡེ་ཁུལ་གྱིས་མཉམ་དུ་དོ་དམ་བྱེད་པའི་ཁྲོད་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་བརྗིད་ཆགས་ལམ་བུ་ཞིག་བཏོད་ཡོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།