ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་གྱི་སློབ་གྲྭ་སོ་སོས“དུས་རབས་གསར་བའི་ན་གཞོན་བཟང་པོའི”སྔོན་ཐོན་བྱས་རྗེས་ཡོངས་བསྒྲགས་བྱ་འགུལ་ལ་གཟིགས་པར་རྩ་འཛུགས་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-12-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1640656128458908.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས26ཉིན་གྱི་དགོང་མོ་བདེ་ཆེན་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་སོ་སོས་དགེ་སློབ་རྩ་འཛུགས་བྱས་ཏེ། 2021ལོའི“དུས་རབས་གསར་བའི་ན་གཞོན་བཟང་པོའི”བྱས་རྗེས་ཡོངས་བསྒྲགས་བྱ་འགུལ་གྱི་ཐད་གཏོང་ལེ་ཚན་ལ་བལྟས་པ་དང་། ལེ་ཚན་གྱིས་བརྙན་ཐུང་དང་གཏམ་རྒྱུད་བཤད་པ།མཉམ་འགུལ་གླེང་མོལ། ཡུལ་དངོས་སུ་བྱ་དགའ་སྤྲོད་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས། “དུས་རབས་གསར་བའི་ན་གཞོན་བཟང་པོའི”རང་ཚུགས་རང་འབད་དང་རྒན་བཀུར་གཉེན་གཅེས། གཞན་ཕན་རོགས་རམ། ཕུགས་འདུན་གཉེར་བ། སློབ་སྦྱོང་ཧུར་ཐག་བྱེད་པ་སོགས་ཀྱི་མི་སེམས་འགུལ་བའི་བྱས་རྗེས་བསྟན་ཏེ་རྒྱ་ཆེའི་ན་གཞོན་ཚོའི་རྣམ་པ་བཟང་པོ་ཡོངས་སུ་མངོན་པ་བརྒྱུད་དུས་རབས་གསར་བའི་སྲོལ་བཟང་མཚོན་པར་བྱས།

“དུས་རབས་གསར་བའི་ན་གཞོན་བཟང་པོའི”སྔོན་ཐོན་བྱས་རྗེས་ཡོངས་བསྒྲགས་བྱ་འགུལ་སྤེལ་བར་དགེ་སློབ་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་དང་། སློབ་གྲོགས་ཚོས་མིག་དཔེ་ལ་སློབ་སྦྱོང་བྱ་རྒྱུ་དམིགས་འབེན་དུ་བཟུང་ནས་རང་ཉིད་ལ་སྐུལ་ལྕག་དང་རང་ངོས་དོ་དམ། རང་འདོམས་བཅས་བྱ་རྒྱུ་ཡིན་པར་མ་ཟད། ཕན་ཚུན་ལྟ་སྐུལ་བྱེད་པ་དང་རང་ངོས་འཐུས་ཚང་དུ་གཏོང་བ། སློབ་སྦྱོང་ཧུར་ཐག་བྱེད་པ་བཅས་བྱས་ཏེ་མི་རིགས་བསྐྱར་དར་གྱི་འགན་འཁྲི་འཁུར་བ་དང་། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་དུས་རབས་གསར་བའི་ན་གཞོན་བཟང་པོ་ཞིག་ཏུ་གྱུར་བར་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།