ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉེ་ཟླ་གྲོང་ཁྱེར་གྱི་འགྲིམ་འགྲུལ་ཉེན་རྟོག་པས“མཛེས་པའི་གྲོང་གསེབ་ཏུ་བསྐྱོད་པ”ཞེས་པའི་འགྲིམ་འགྲུལ་བདེ་འཇགས་དྲིལ་སྒྲོག་སློབ་གྲྭར་བསྐྱོད་པའི་བྱ་འགུལ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2021-12-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྤྱི་བདེ་ཅུའུ་ཐད་གཏོགས་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ། རྒྱལ་ཐང་གྲོང་རྡལ་ཉི་ཤར་སློབ་ཆུང་དུ་བསྐྱོད་ནས“མཛེས་པའི་གྲོང་གསེབ་ཏུ་བསྐྱོད་པ”ཞེས་པའི་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་སྒྲོག་བྱ་འགུལ་སྤེལ། སློབ་གྲྭའི་ཉེ་འཁོར་གྱི་གཞུང་ལམ་འགྲིམ་འགྲུལ་ཁོར་ཡུག་དང་ཕྱིར་སྐྱོད་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་དམིགས་ནས། མི་དམངས་ཉེན་རྟོག་པས་འགྲིམ་འགྲུལ་ཁྲིམས་སྲོལ་ལ་རྒྱུས་མངའ་ཡོད་པ་དང་། མངོན་མེད་རྐྱེན་ངན་གཏན་འགོག་བྱེད་པ། འགྲིམ་འགྲུལ་སྲོལ་ངན་དོར་བ་སོགས་ཀྱི་ཐད་ནས་སློབ་མ་ཚོར་བདེ་འཇགས་ངང་འགྲོ་བ་དང་། བདེ་འཇགས་ངང་རླངས་འཁོར་དུ་འདུག་པ། བདེ་འཇགས་ངང་རྐང་འཁོར་བཞོན་པ་སོགས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་རྒྱུན་ཤེས་འགྲེལ་བཤད་བྱས་པ་མ་ཟད། སློབ་མ་རྣམས་ཀྱི་སྣེ་ཁྲིད་དེ་འགྲིམ་འགྲུལ་དོན་རྐྱེན་གྱི་ཡུལ་དངོས་འདྲ་པར་དང་འགྲིམ་འགྲུལ་བདེ་འཇགས་ཤེས་བྱའི་འགྲེམས་བྱང་ལ་བལྟས་ཤིང་། འགྲིམ་འགྲུལ་བདེ་འཇགས་འབྲེལ་ཡོད་ཀྱི་དྲིལ་སྒྲོག་ཡིག་ཆ་བཀྲམ་ནས། སློབ་མ་རྣམས་ལ་འགྲིམ་འགྲུལ་སྒྲིག་སྲོལ་ལ་བརྩི་སྲུང་དང་། དཔལ་ཡོན་ལྡན་པའི་ངང་ཕྱིར་བསྐྱོད་ནསཉེན་ཁ་ཤེས་པ་དང་ཉེན་ཁར་གཡོལ་ཤེསདགོས་པའི་བསླབ་བྱ་གནང་བ་དང་། སློབ་མ་རྣམས་འགྲིམ་འགྲུལ་བདེ་འཇགས་ཤེས་བྱ་དྲོལ་སྒྲོག་བྱེད་མཁན་ཞིག་བྱེད་པར་སྐུལ་སློང་བྱས་ཏེ། ཧུར་ཐག་གིས་རང་གི་ཉེ་འཁོར་གྱི་མི་ལ་འགྲིམ་འགྲུལ་བདེ་འཇགས་ཤེས་བྱ་དྲིལ་སྒྲོག་བྱེད་དུ་བཅུག  ད་དུང་ཡུལ་དངོས་སུ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་ཤེས་བྱ་མགྱོགས་མྱུར་སྒོས་ལན་བཏབ་ནས་ཡིག་ཆས་ཁུག་མ་དང་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་ཤེས་བྱའི་ཀློག་དེབ་སོགས་ཀྱི་བྱ་དགའ་སྤྲད་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།